འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་18ཉིན།

༄༅།།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》སི་ཕེན་ཡི་གེའི་དཔར་མའི་དཔེ་ཀློག་མཉམ་སྤྱོད་ཚོགས་འདུ་ཨ་ཀེན་ཐིན་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་18ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་དབྱི་ནོ་སི་ཨེ་རི་སེ་ནས་ཟླ་4ཚེས་15ཉིན་གློག་འཕྲིན་འབྱོར་གསལ། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》སི་ཕེན་ཡི་གེའི་དཔར་མ་དཔེ་སྐྲུན་བྱས་ནས་ལོ་10འཁོར་བའི་མཚམས་སུ། ཚེས་15ཉིན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》སི་ཕེན་ཡི་གེའི་དཔར་མའི་དཔེ་ཀློག་མཉམ་སྤྱོད་ཚོགས་འདུ་ཨ་ཀེན་ཐིན་གྱི་རྒྱལ་ས་པུ་དབྱི་ནོ་སི་ཨེ་རི་སེར་འཚོགས་པ་རེད།
     ཨ་ཀེན་ཐིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཝུའེ་ཡིས་བྱེད་སྒོའི་ཐོག་ཤིས་ཚིག་སྒྲོན་སྐབས། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་ནང་དུས་རབས་གསར་པའི་ཀྲུང་གོའི་འགོ་ཁྲིད་པའི་རྒྱལ་སྐྱོང་འདུ་ཤེས་དང་སྲིད་སྐྱོང་ཐབས་ཇུས་བརྒྱུད་རིམ་ལྡན་པའི་སྒོ་ནས་མངོན་ཡོད་པས། ཀློག་པ་པོར་དེའི་ནང་ནས་མི་དམངས་ལྟེ་བར་འཛིན་པའི་སྲིད་སྐྱོང་ཏང་ཞིག་གིས་རྒྱལ་ཁབ་འཕེལ་རྒྱས་ཇི་ལྟར་གཏོང་བ་དང་། འཛམ་གླིང་དང་མཉམ་གནས་ཇི་ལྟར་བྱེད་པ། དེ་བཞིན་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུར་ཇི་ལྟར་སྐྱོད་པ་བཅས་གསལ་པོ་ཤེས་ཐུབ། ཨ་ཀེན་ཐིན་གྱི་གྲོགས་པོ་དེ་བས་མང་པོས་གསུང་རྩོམ་འདི་བརྒྱུད་དུས་རབས་གསར་པའི་ཀྲུང་གོ་རྒྱུས་ལོན་དང་ཤེས་རྟོགས་ཐུབ་པའི་རེ་བ་ཡོད་ཅེས་བརྗོད།
     ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡུས་ཐའོ་ཡིས་ཤིས་ཚིག་སྒྲོན་སྐབས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》སི་ཕེན་ཡི་གེའི་དཔར་མ་དཔེ་སྐྲུན་བྱས་ནས་ལོ་10འཁོར་བ་དང་ཨ་ཀེན་ཐིན་གྱི་ལས་རིགས་ཁག་གི་དགའ་བསུ་རྒྱ་ཁྱབ་ཐོབ་ཡོད། ཨ་ཀེན་ཐིན་ཕྱོགས་དང་མཉམ་དུ་དཔེ་དེབ་དཔེ་སྐྲུན་དང་། སྨྱན་སྦྱོར་ཁྱབ་སྤེལ། རིག་མཛོད་བགྲོ་གླེང་། གྲོས་བསྡུར་བྱ་གཞི་ཞིབ་འཇུག་སོགས་ཁྱབ་ཁོངས་སུ་དོན་གཉེར་མཉམ་ལས་སྔར་བས་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་བརྗོད།
     ཨ་ཀེན་ཐིན་པུ་དབྱི་ནོ་སི་ཨེ་རི་སེ་སློབ་ཆེན་གྱི་ཕྱི་དོན་སློབ་སྤྱི་གཞོན་པ་ཕ་ཐེ་ལི་ཤིས་ཨོ·ཁོ་ནེ་ཧོ་ལོ·ཨོར་ཏི་སིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》སི་ཕེན་ཡི་གེའི་དཔར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེ་ཨ་ཀེན་ཐིན་དང་ཀྲུང་གོའི་དབར་རིག་གཞུང་དང་མི་ཆོས་རིག་གནས་སྤེལ་རེས་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ནས་ཨ་ཀེན་ཐིན་དང་ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་ཤེས་རྟོགས་ཞིབ་ཕྲ་བྱེད་པར་ཐབས་ལམ་བཏོན་ཡོད་ཅེས་བརྗོད་པ་རེད།
     (ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)