འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་18ཉིན།

༄༅།།ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་ཆུ་སྐྱོན་གྱི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ་བ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་18ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་17ཉིན་གྱི་ཕྱི་དྲོར། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་སྲིད་གཞུང་གི་ཁོངས་མི་དང་བརྙན་ལམ་ཚོགས་འདུ་འཚོགས་ནས། མིག་སྔའི་གནད་དོན་རབ་དང་རིམ་པར་གྲོས་ཞིབ་བྱས་པ་རེད། ཚོགས་འདུ་འཚོགས་འགོ་ཚུགས་སྐབས། ཨུ་རུ་སུའི་ཛ་དྲག་གནས་ཚུལ་པུའི་པུའུ་ཀྲང་ཁུའུ་ལུན་ཁོ་ཧྥུའུ་ཡིས་ཕུའུ་ཅིང་ལ་ཨའོ་ལུན་པའོ་མངའ་སྡེ་དང་། ཁུར་ཀན་མངའ་སྡེ། ཆིའུ་མིང་མངའ་སྡེ་བཅས་ཀྱི་དཔྱིད་དུས་ཀྱི་ཆུ་ལོག་གནས་ཚུལ་དང་དེ་བཞིན་ཆུ་ལོག་གནོད་འཚེའི་ཤུགས་རྐྱེན་ཆུང་ཤོས་སུ་གཏོང་བའི་བྱ་ཐབས་སྐོར་སྙན་ཞུ་ཕུལ་བ་རེད། 
   ཁུའུ་ལུན་ཁོ་ཧྥུའུ་ཡིས་སྙན་ཞུ་བྱས་དོན། ཨོར་སི་ཁེ་གྲོང་ཁྱེར་དང་ཨའོ་ལུན་པའོ་གྲོང་ཁྱེར་དུ་ཆུ་ལོག་བྱུང་བས། གྲོང་ཁྱེར་དེ་དག་གི་ཆུ་གནས་སྔར་བཞིན་ཉེན་ཁའི་ཐིག་ལས་བརྒལ་ཡོད་ཀྱང་། རིམ་གྱིས་བརྟན་པོའི་ངང་ཆག་བཞིན་ཡོད་པ་དང་། ཆུ་སྣེ་ཝུའུ་ལར་གཙང་པོའི་སྨད་རྒྱུད་དུ་སླེབས་ཡོད། ཨའོ་ལུན་པའོ་མངའ་སྡེའི་ཡུལ་མི་འདུད་སྡོད་ས་གནས་76བསྣུབས་པས། སྡོད་ཁང་ཁྲི་1.5ལྷག་ཙམ་དང་། ཁང་ས་ཁྲི་2.3ཙམ། ཟམ་པ་26བཅས་བསྣུབས་པ་རེད། གནས་སྐབས་ཞག་སྡོད་ལྟེ་གནས་35ལ་ཁྱོན་མི་1031བཀོད་སྒྲིག་བྱས་ཡོད། 
   ཁུའུ་ལུན་ཁོ་ཧྥུའུ་ཡིས་བཤད་དོན། ཆུ་སྣེ་ཁུའུ་ཨེར་ཀན་མངའ་སྡེ་ཡི་ལྟེ་བའི་གྲོང་ཁྱེར་ཁུའུ་ཨེར་ཀན་གྲོང་ཁྱེར་དུ་འབྱོར་ནས་ཉིན་ཁ་ཤས་ནང་སྔོན་དཔག་བྱས་ན་ཆུ་གནས་མཐོ་ཤོས་སུ་སླེབས་རྒྱུ་རེད། མངའ་སྡེ་དེའི་ཡུལ་མིའི་འདུས་སྡོད་བྱེད་གནས་25ཡི་སྡོད་ཁང་600ལྷག་ཙམ་དང་སྤྲོ་ཁང་2000ལྷག་ཙམ་དང་། ཁང་ས་ཁྲི་3.5ལྷག་ཙམ། ཟམ་པ་5 མྱུར་བགྲོད་གཞུང་ལམ་དུམ་བུ་9བཅས་སྔར་བཞིན་ཆུ་ལོག་གིས་བསྣུབས་ནས། མི་ཁྲི་1.4ཙམ་ཕྱིར་འཐེན་བྱས་ཟིན་པ་དང་། ས་གནས་དེ་གར་གནས་སྐབས་སྡོད་གནས་ལྟེ་གནས་20བཀོད་སྒྲིག་བྱས་ཡོད་པ་རེད།