འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་18ཉིན།

༄༅།།དགུ་ཚིགས་མ་ལག་ནས་ད་བར་རྙེད་པའི་སྤུས་ཚད་ཆེས་ཆེ་བའིནག་དོང་ཆེན་པོ་ཞིག་རྙེད་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་18ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཡོ་རོབ་གླིང་ལྷོ་ཕྱོགས་གནམ་དཔྱད་ལས་ཁུངས་ཀྱི་གནམ་དཔྱད་མཁས་པས་ད་བར་རྙེད་པའི་དགུ་ཚིགས་མ་ལག་ཁྲོད་ཀྱི་སྤུས་ཚད་ཆེས་ཆེ་བའི་བརྟན་སྐར་ནག་དོང་རྙེད་པ་རེད། ནག་དོང་དེ་ནི་ཡོ་རོབ་གླིང་བར་སྣང་ཅུས་ཀའེ་ཡ་ལས་འགན་གྱི་གཞི་གྲངས་ཁྲོད་ནས་རྙེད་པ་རེད། ནག་དོང་དེར་ཀའེ་ཡ་BH3ཞེས་མིང་བཏགས་པ་དང་། དེའི་སྤུས་ཚད་ནི་ཉི་མའི་ལྡབ་33ཡིན། ཚེས་16ཉིན་འབྲེལ་ཡོད་དཔྱད་རྩོམ《གནམ་དཔྱད་རིག་པ་དང་གནམ་གཟུགས་དངོས་ཁམས་རིག་པ》ཞེས་པའི་དུས་དེབ་ཐོག་སྤེལ་ཡོད།