འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་18ཉིན།

༄༅།།ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་དོ་དམ་ཅུས་ཀྱིས་གནམ་གྲུ་ཀུང་སི་འདིས་འཕུར་མཚམས་བཞག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་18ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ས་གནས་དེ་གའི་དུས་ཚོད་ཚེས་17ཉིན། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་དོ་དམ་ཅུས་(FAA)ཀྱིས་ཨ་ལ་སི་ཀ་མཁའ་འགྲུལ་ཀུང་སིར་འཕུར་སྐྱོད་མཚམས་འཇོག་པའི་ཐ་ཚིག་བསྒྲགས་དོན། “ཨ་ལ་སི་ཀ་མཁའ་འགྲུལ་ཀུང་སིའི་ལམ་ཐིག་གཙོ་བོ་དང་ཡན་ལག་ཀུང་སིའི་དུས་གཏན་གནམ་གྲུ་ཚང་མ་འཕུར་མཚམས་འཇོག་དགོས།” 
   བརྡ་ཁྱབ་དེའི་ནང་ཨ་ལ་སི་ཀ་མཁའ་འགྲུལ་དང་མཁའ་འགྲུལ་ཀུང་སི་གཞན་དག་ལ་ས་ཁུལ་གྱི་ཞབས་ཞུ་མཁོ་འདོན་བྱེད་མཁན་མཁའ་ནུབ་མཁའ་འགྲུལ་ཀུང་སིའི(SkyWest)དུས་གཏན་གནམ་གྲུ་འཕུར་མཚམས་འཇོག་པའི་ཁྱབ་ཁོངས་ནང་ཚུད་མེད་ཅེས་འཁོད་ཡོད། 
བརྡ་ཁྱབ་འདིར་འཕུར་མཚམས་འཇོག་པའི་རྒྱུ་མཚན་བཤད་མེད།