འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་18ཉིན།

༄༅།།ཨ་རི་དང་ཧྥི་ལི་ཕིན་གྱིས་མཉམ་འབྲེལ་དམག་སྦྱོང་བྱ་རྒྱུ་ཟེར་བ་ཐད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་18ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཟླ་4ཚེས་17ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། 
   ལུའུ་ཐུའུ་གསར་འགྱུར་ཁང་གི་གསར་འགོད་པས་དྲིས་དོན། སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རི་དང་ཧྥི་ལི་ཕིན་གྱིས་གཟའ་འཁོར་རྗེས་མར་མཉམ་འབྲེལ་དམག་དོན་ནང་སྦྱོང་བྱ་རྒྱུ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྒྱུ་ཡོད་དམ། 
   ལིན་ཅན་གྱིས་བསྟན་དོན། ཧྥི་ལི་ཕིན་དང་ཨ་རིའི་དམག་དོན་མཉམ་ལས་ཐད་ཀྲུང་གོ་ཕྱོགས་ཀྱིས་ལངས་ཕྱོགས་གཟབ་ནན་ཐེངས་མང་བསྟན་ཡོད། ཧྥི་ལི་ཕིན་ཕྱོགས་ཀྱིས་ས་ཁོངས་ཕྱི་རོལ་གྱི་རྒྱལ་ཁབ་བསླུ་བྲིད་བྱས་ནས་ལྷོ་མཚོར་དྲག་ཤུགས་ངོམས་པ་དང་འགྲན་རྒོལ་ལ་སྐུལ་སློང་བྱས་ཚེ་དུས་བབ་ཛ་དྲག་ཏུ་གཏོང་རྒྱུ་དང་། ས་ཁུལ་གྱི་བརྟན་ལྷིང་ལ་གཏོར་བཤིག་གཏོང་རྒྱུ་རེད། ཕྱི་རོལ་གྱི་སྟོབས་ཤུགས་དྲངས་ནས་རང་ངོས་ཀྱི་བདེ་འཇགས་ཞེས་པར་སྲུང་སྐྱོང་བྱེད་རྩིས་བྱས་ན། རང་ངོས་ཀྱི་བདེ་འཇགས་ལ་དེ་བས་ཉེན་ཁ་ཆེན་པོ་བཟོ་སྲིད་པ་མ་ཟད། ཐ་ན་མི་གཞན་གྱི་མིག་མངས་ཀྱི་རྡེའུ་ཞིག་ཏུ་འགྱུར་རྒྱུ་རེད། 
   ང་ཚོས་ཧྥི་ལི་ཕིན་ཕྱོགས་ལ་མཚོ་ཐོག་ཏུ་ཟིང་ཆ་དང་འཁྲུག་རྐྱེན་སློང་མཚམས་འཇོག་དགོས་པའི་སྐུལ་མ་གཏོང་རྒྱུ་དང་། འབྲེལ་ཡོད་ས་ཁོངས་ཕྱི་རོལ་རྒྱལ་ཁབ་ཀྱིས་ལྷོ་མཚོར་འགྲན་རྒོལ་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་རང་ངོས་ཀྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་བརྟན་པོ་བྱས་ནས། ལྷོ་མཚོའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ཡིན།