འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་18ཉིན།

༄༅།།ཀྲུང་གོ་དང་ཨ་རིས་དཔལ་འབྱོར་སྐོར་གྱི་ཚོགས་འདུ་འདི་འཚོགས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་18ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཟླ་4ཚེས་16ཉིན། ཀྲུང་གོའི་ནོར་སྲིད་པུའི་པུའུ་ཀྲང་གཞོན་པ་ལེའོ་མིང་གིས་ཨ་རིའི་ཝ་ཧྲིང་ཐོན་དུ་འཛམ་གླིང་དངུལ་ཁང་དང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་དཔྱིད་དུས་ཚོགས་འདུར་ཞུགས་རིང་། ཨ་རིའི་ནོར་སྲིད་པུའི་པུའུ་ཀྲང་གཞོན་པ་ཧྲང་པོ་དང་མཉམ་དུ་ཀྲུང་ཨའི་དཔལ་འབྱོར་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཞི་པ་གཙོ་སྐྱོང་བྱས་པ་རེད། ཕྱོགས་གཉིས་པོས་སྣེ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱ་རྒྱུར་དམིགས་ནས། གོ་ལ་ཧྲིལ་པོ་དང་དེ་བཞིན་ཀྲུང་གོ་དང་ཨ་རིའི་སྤྱི་ཁོག་དཔལ་འབྱོར་གྱི་གནས་བབ་དང་དོ་སྙོམས་ངང་འཕེལ་བར་བྱེད་པ། གོམ་སྟབས་རྗེས་མའི་འབྲེལ་གཏུག་བཀོད་སྒྲིག་སོགས་ཀྱི་འབྲེལ་མཐུད་གཏིང་ཟབ་དང་། དངོས་སྤྱོད། དགེ་མཚན་ལྡན་པ་བཅས་བྱས་པ་རེད། ཨ་རིས་ཀྲུང་གོར་དཔལ་འབྱོར་ཚོང་དོན་ཚོད་འཛིན་བྱེད་པའི་བྱ་ཐབས་ལ་ཀྲུང་གོ་ཕྱོགས་ཀྱིས་དོ་ཁུར་བྱེད་པ་དང་འབྲེལ་ཐོན་ནུས་ཀྱི་གནད་དོན་ཐད་ལན་སྔར་ལས་ལྷག་པར་བརྒྱབ་ཡོད། ཕྱོགས་གཉིས་པོས་མུ་མཐུད་འབྲེལ་གཏུག་སྤེལ་རེས་རྒྱུན་འཁྱོངས་བྱ་རྒྱུའི་མོས་མཐུན་བྱས་པ་རེད།
   ཚོགས་འདུ་གྲོལ་རྗེས། ཨ་རིའི་ནོར་སྲིད་པུའི་པུའུ་ཀྲང་ཡེ་ལུན་གྱིས་ཀྲུང་གོ་ཕྱོགས་ཀྱི་འཐུས་མི་ཚོགས་པ་དང་ཐུག་འཕྲད་བྱས་པ་རེད།