འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་18ཉིན།

༄༅།།རླངས་འཁོར་འདི་དག་ཉོས་ན་ཁྲལ་འཇལ་མི་དགོས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་17ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
    ཉེ་ཆར། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་གཞུང་ཕྱོགས་དྲ་ཚིགས་ཐོག་སྤྱི་བསྒྲགས་སྤེལ་ནས། ཆོག་མཆན་ཐོབ་པའི《འགྲོ་ལམ་འཕྲུལ་སྒུལ་འཁོར་རིགས་ཐོན་སྐྱེད་ཁེ་ལས་དང་ཐོན་རྫས》(ཁག་381པ)དང་། དེ་བཞིན་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་དང་གྲོས་མོལ་མོས་མཐུན་བྱས་པའི《འཁོར་གྲུའི་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་གཟིགས་སྐྱོང་ལོངས་སུ་སྤྱོད་པའི་ནུས་ཁུངས་གྲོན་ཆུང་དང་ནུས་ཁུངས་གསར་པ་བཀོལ་བའི་རླངས་འཁོར་གྱི་འཁོར་རིགས་དཀར་ཆག》(ཁག་དྲུག་ཅུ་པ)དང་།《རླངས་འཁོར་ཉོ་སྒྲུབ་ཀྱི་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་ནུས་ཁུངས་གསར་པའི་རླངས་འཁོར་གྱི་འཁོར་རིགས་དཀར་ཆག》(ཁག་བཞི་པ)བཅས་སྤྱི་བསྒྲགས་བྱས་པ་རེད།
     དེའི་ནང་།《རླངས་འཁོར་ཉོ་སྒྲུབ་ཀྱི་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་ནུས་ཁུངས་གསར་པའི་རླངས་འཁོར་གྱི་འཁོར་རིགས་དཀར་ཆག》(ཁག་བཞི་པའི)ནང་། ཞའོ་སྨིSU7དང་། པི་ཡ་ཏིའི་ཧའེ་པའོ། གྲུ་ཅེ་S7སོགས་ཚུད་ཡོད།