འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་17ཉིན།

༄༅།།གསེར་དང་འབྲེལ་བའི་དོན་འདི་ཁྱབ་བསྒྲཊ་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་17ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཧྲང་ཧའེ་དུས་བཅད་ཚོང་ཟོག་ཉོ་ཚོང་ཁང་གིས་ཟླ་4ཚེས་16ཉིན་བརྡ་ཐོ་ཁྱབ་བསྒྲགས་བྱས་ནས། 2024ལོའི་ཟླ་4ཚེས་17ཉིན་བསྡོམས་རྩིས་བྱས་པ་ནས་བཟུང་། གསེར་དང་དངུལ་གྱི་དུས་བཅད་ཚོང་ཟོག་གན་རྒྱའི་འཕར་ཆག་ཚད་6%དང་7%ནས་8%ལ་ལེགས་སྒྲིག་བྱས་པ་དང་། ཉོ་ཚོང་འགན་ལེན་མ་དངུལ་བསྡུར་ཚད་7%དང་8%ནས་9%ལ་ལེགས་སྒྲིག་བྱས། སྐབས་འཚོལ་ཉོ་ཚོང་འགན་ལེན་མ་དངུལ་8%དང་9%ནས་10%ལ་ལེགས་སྒྲིག་བྱས་པ་རེད། 
     རིགས་གཅིག་མཁས་ཅན་གྱིས་བསྟན་དོན། གསེར་དང་དངུལ་གྱི་དུས་བཅད་ཚོང་ཟོག་གི་གན་རྒྱའི་འཕར་ཆག་ཚད་དང་འགན་ལེན་མ་དངུལ་ཆུ་ཚད་མཐོ་རུ་བཏང་བ་དེས་རིན་གོང་འཕར་ཆག་ཆེས་ཆེར་འགྲོ་བའི་ཉེན་ཁ་སྔོན་འགོག་དང་། ཕྱོགས་ཁག་གིས་དཔྱོད་ཤེས་དང་གཟབ་ནན་གྱིས་ཞུགས་རྒྱུར་སྐུལ་འདེད་གཏོང་བ། ཡུན་རིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད།