འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་17ཉིན།

༄༅།།ཞི་ཅིན་ཕིང་གིས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་ཐད་གསུངས་དོན། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་17ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་4ཚེས་16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་འཇར་མན་གྱི་ཙུང་ལི་ཧྲུའོ་ཨེར་ཚེ་དང་མཇལ་འཕྲད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཧྲུའོ་ཨེར་ཚི་དང་མཉམ་དུ་ཡུག་རེན་གྱི་ཉམས་ཉེན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་གནང་ནས། ཀྲུང་གོ་དང་འཇར་མན་གཉིས་ཀས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དགོངས་དོན་དང་རྩ་དོན་བརྩི་སྲུང་ཞུ་བར་གཞོལ་ནས། ཉིང་རྡུལ་མཚོན་ཆ་སྤྱོད་པའམ་ཞི་བདེའི་ཉིང་རྡུལ་སྒྲིག་བཀོད་ལ་ཕར་རྒོལ་བྱེད་པར་ངོ་རྒོལ་བྱེད་པ། རྒྱལ་སྤྱིའི་འབྲུ་རིགས་ཉེན་མེད་ཀྱི་གནད་དོན་ཐག་གཅོད་འཚམ་པོར་བྱེད་པ། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་བརྩི་སྲུང་ཞུ་བཞིན་ཡོད་ཚུལ་བསྟན།
      ཞི་ཅིན་ཕིང་གིས། ད་ལྟའི་གནས་བབ་འོག གདོང་གཏུག་དུང་འཁྱིལ་རྣམ་པའི་རིམ་སྤོར་དང་ཐ་ན་ཚོད་འཛིན་མི་ཐུབ་པའི་ཕྱོགས་སུ་བསྐྱོད་རྒྱུ་སྔོན་འགོག་བྱེད་ཆེད། ཕྱོགས་ཁག་གིས་ཐུན་མོང་ཐོག་ཞི་བདེ་སྔ་ཙམ་སླར་གསོ་བྱ་རྒྱུར་གཞོལ་དགོས། དེའི་ཕྱིར་གཤམ་གསལ་གྱི་རྩ་དོན་འགའ་ཁོང་དུ་ཆུད་དགོས་པ་སྟེ། གཅིག་ནི་ཞི་བདེ་བརྟན་ལྷིང་གི་ཁྱོན་ཡོངས་གཙོ་བོར་འཛིན་དགོས་པ་ལས་རང་ཕན་དོན་གཉེར་བྱེད་མི་རུང་། གཉིས་ནི་གནས་བབ་ཞི་ལྷོད་དུ་གཏོང་དགོས་པ་ལས་མེ་ཐོག་སྣུམ་བླུགས་མི་རུང་། གསུམ་ནས་ཞི་བདེའི་ཆ་རྐྱེན་སླར་གསོ་བྱེད་ཆེད་ཆ་རྐྱེན་གསོག་འཇོག་བྱེད་དགོས་པ་ལས་འགལ་བ་སྔར་ལས་ཛ་དྲག་ཏུ་གཏོང་མི་རུང་། བཞི་ནས་འཛམ་གླིང་དཔལ་འབྱོར་ལ་ཤུགས་རྐྱེན་ངན་པ་ཐེབས་ཚུལ་ཉུང་དུ་གཏོང་དགོས་པ་དང་། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་བར་གཏོར་བཤིག་གཏོང་མི་རུང་། ཀྲུང་གོ་ཕྱོགས་ནི་ཡུག་རེན་ཉམས་ཉེན་གྱི་དོ་བདག་དང་དེའི་ནང་ཞུགས་མཁན་མིན་མོད། འོན་ཀྱང་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་བྱེད་སྟངས་ཐོག་ནས་ཞི་བདེ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་གི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཉམས་ཉེན་ཞི་བའི་ངང་ཐག་གཅོད་བྱ་རྒྱུར་ཕན་པའི་འབད་བརྩོན་མཐའ་དག་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱ་རྒྱུ་དང་། ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་པོས་ཁས་ལེན་དང་། ཕྱོགས་ཁག་འདྲ་མཉམ་ངང་ཞུགས་པ། ཞི་བདེའི་ཇུས་གཞི་ཚང་མར་དྲང་གཞག་ངང་གྲོས་བསྡུར་བཅས་བྱེད་པའི་རྒྱལ་སྤྱིའི་ཞི་བདེའི་ཚོགས་འདུ་འཚོགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། དེའི་ཐད་འཇར་མན་ཚུད་པའི་འབྲེལ་ཡོད་ཕྱོགས་ཁག་དང་འབྲེལ་གཏུག་དམ་ཟབ་བྱེད་འདོད་ཡོད་ཅེས་ནན་གྱིས་གསུངས་པ་རེད།