འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་17ཉིན།

༄༅།།གྲོང་ཁྱེར་70ཡི་ཁང་པའི་རིན་གོང་གསར་པ་ཁྱབ་བསྒྲགས་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་17ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཚེས་16ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་2024ལོའི་ཟླ་3པར་གྲོང་ཁྱེར་ཆེ་འབྲིང་70ཡི་ཚོང་ཟོག་སྡོད་ཁང་ཕྱིར་ཚོང་གི་རིན་གོང་འགྱུར་ལྡོག་འགྲོ་ཚུལ་ཁྱབ་བསྒྲགས་བྱས་པ་རེད། 2024ལོའི་ཟླ་3པར། གྲོང་ཁྱེར་ཆེ་འབྲིང་70ཡི་གསར་དུ་བསྐྲུན་པའི་ཚོང་ཟོག་སྡོད་ཁང་དང་སྡོད་ཁང་རྙིང་པ་ཚོང་འགྲིག་ཚད་དེ་སྔོན་ལས་ཅུང་འཕར་བ་དང་། གྲོང་ཁྱེར་རིམ་ཁག་གི་ཚོང་ཟོག་སྡོད་ཁང་ཕྱིར་ཚོང་གི་རིན་གོང་ཟླ་བ་གོང་མ་ལས་ཅུང་ཟད་ཆག་པ་དང་། དུས་མཚུངས་ལས་ཆག་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།
   གཅིགགྲོང་ཁྱེར་རིམ་ཁག་གི་ཚོང་ཟོག་སྡོད་ཁང་ཕྱིར་ཚོང་གི་རིན་གོང་ཟླ་བ་གོང་མ་ལས་ཆག་ཚད་ཅུང་ཆུང་དུ་ཕྱིན་ཡོད། 
ཟླ་3པར། གྲོང་ཁྱེར་རིམ་པ་དང་པོའི་གསར་དུ་བསྐྲུན་པའི་ཚོང་ཟོག་སྡོད་ཁང་ཕྱིར་ཚོང་གི་རིན་གོང་ཟླ་བ་གོང་མ་ལས་0.1%ཆག་པ་དང་། ཆག་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གཞི་གྲངས་0.2ཆག་ཡོད་པ་རེད། དེའི་ནང་། པེ་ཅིང་དུ་གཅིག་མཚུངས་ཡིན་པ་དང་། ཧྲང་ཧའེ་རུ་0.5%འཕར་བ། ཀོང་ཀྲོའུ་དང་ཧྲེན་ཀྲེན་སོ་སོར་0.7%དང་0.4%ཆག་ཡོད་པ་རེད། གྲོང་ཁྱེར་རིམ་པ་གཉིས་པ་དང་རིམ་པ་གསུམ་པའི་གསར་དུ་བསྐྲུན་པའི་ཚོང་ཟོག་སྡོད་ཁང་ཕྱིར་ཚོང་གི་རིན་གོང་ཟླ་བ་གོང་མ་ལས་སོ་སོར་0.3%དང་0.4%ཆག་པ་དང་། གཉིས་ཀའི་ཆག་ཚད་ཟླ་བ་གོང་མ་དང་གཅིག་མཚུངས་ཡིན་པ་རེད། 
   ཟླ་3པར། གྲོང་ཁྱེར་རིམ་པ་དང་པོའི་སྡོད་ཁང་རྙིང་པ་ཕྱིར་ཚོང་གི་རིན་གོང་ཟླ་བ་གོང་མ་ལས་0.7%ཆག་པ་དང་། ཆག་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གཞི་གྲངས་0.1ཡིན་པ། དེའི་ནང་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ། ཧྲེན་ཀྲེན་བཅས་སོ་སོར་0.4%དང་། 0.3% 1.0% 1.0%བཅས་ཆག་པ་རེད། གྲོང་ཁྱེར་རིམ་པ་གཉིས་པ་དང་རིམ་པ་གསུམ་པའི་སྡོད་ཁང་རྙིང་པ་ཕྱིར་ཚོང་གི་རིན་གོང་ཟླ་གོང་མ་ལས་0.5%ཆག་པ་དང་། ཆག་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གཞི་གྲངས་0.1ཆག་ཡོད།
   གཉིས། གྲོང་ཁྱེར་རིམ་ཁག་གི་ཚོང་ཟོག་སྡོད་ཁང་ཕྱིར་ཚོང་གི་རིན་གོང་དུས་མཚུངས་ལས་ཆག་ཚད་ཆེ་རུ་ཕྱིན་ཡོད། 
    ཟླ་3པར། གྲོང་ཁྱེར་རིམ་པ་དང་པོའི་གསར་དུ་བསྐྲུན་པའི་ཚོང་ཟོག་སྡོད་ཁང་ཕྱིར་ཚོང་གི་རིན་གོང་དུས་མཚུངས་ལས་1.5%ཆག་པ་དང་། ཆག་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གཞི་གྲངས་0.5འཕར་ཡོད་པ་རེད། དེའི་ནང་པེ་ཅིང་དང་ཧྲང་ཧའེ་སོ་སོར་0.8%དང་4.3%འཕར་བ་དང་། ཀོང་ཀྲོའུ་དང་ཧྲེན་ཀྲེན་གཉིས་ཀར་5.5%ཆག་ཡོད་པ་རེད། གྲོང་ཁྱེར་རིམ་པ་གཉིས་པ་དང་རིམ་པ་གསུམ་པའི་གསར་དུ་བསྐྲུན་པའི་ཚོང་ཟོག་སྡོད་ཁང་ཕྱིར་ཚོང་གི་རིན་གོང་དུས་མཚུངས་ལས་སོ་སོར་2.0%དང་3.4%ཆག་པ་དང་། ཆག་ཚད་ཟླ་བ་གོང་མ་ལས་སོ་སོར་བརྒྱ་ཆའི་གཞི་གྲངས་0.9དང་0.7འཕར་ཡོད། 
    ཟླ་3པར། གྲོང་ཁྱེར་རིམ་པ་དང་པོའི་སྡོད་ཁང་རྙིང་པ་ཕྱིར་ཚོང་གི་རིན་གོང་དུས་མཚུངས་ལས་7.3%ཆག་པ་དང་། ཆག་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གཞི་གྲངས་1.0འཕར་ཞིང་། དེའི་ནང་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ། ཧྲེན་ཀྲེན་བཅས་སོ་སོར་6.4%དང་། 6.9% 8.6% 7.4%ཆག་ཡོད་པ་རེད། གྲོང་ཁྱེར་རིམ་པ་གཉིས་པ་དང་རིམ་པ་གསུམ་པའི་སྡོད་ཁང་རྙིང་པ་ཕྱིར་ཚོང་གི་རིན་གོང་དུས་མཚུངས་ལས་སོ་སོར་5.9%དང་5.7%ཆག་པ་དང་ཆག་ཚད་ཟླ་བ་གོང་མ་ལས་སོ་སོར་བརྒྱ་ཆའི་གཞི་གྲངས་0.8དང་0.6ཆེ་རུ་ཕྱིན་ཡོད།