འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་17ཉིན།

༄༅།།ཀྲུང་གོ་དང་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཀྲང་གིས་བརྙན་ལམ་ནས་འབྲེལ་བ་བྱས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་17ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཟླ་4ཚེས་16ཉིན་གྱི་དགོང་མོར། རྒྱལ་སྲུང་པུའུ་ཀྲང་ཏུང་ཅུན་གྱིས་ཁ་ཆད་ལྟར་ཨ་རིའི་རྒྱལ་སྲུང་པུའུ་ཀྲང་ཨའོ་སི་ཐིང་དང་བརྙན་ལམ་ཐོག་ཁ་པར་བརྒྱབ་པ་རེད། 
   ཏུང་ཅུན་གྱིས་བཤད་དོན། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཕྱོགས་གཉིས་པོའི་འབྲེལ་བ་བརྟན་པོ་དང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་གཞོལ་བཞིན་ཡོད། དམག་དོན་ཁྱབ་ཁོངས་ནི་གཙོ་བདག་གི་ཐུན་མོང་ངོས་འཛིན་དོན་འཁྱོལ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་བརྟན་པོ་ཡོང་བ་དང་ཉམས་ཉེན་ཚབས་ཆེན་འབྱུང་རྒྱུ་སྔོན་འགོག་བཅས་བྱེད་པའི་འགག་རྩ་ཡིན། ཀྲུང་གོ་དང་ཨ་རིའི་དམག་དཔུང་གཉིས་ཀྱིས་མཉམ་གནས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་ཏེ་ཞི་བདེ་རྩ་ཆེན་དང་། བརྟན་བརླིང་གཙོ་བོ། ཡིད་ཆེས་རྩ་བར་འཛིན་པ་བཅས་འགྲོ་འོང་གི་གཞི་རྩའི་བརྩི་སྲུང་དུ་བརྩིས་ནས་འདྲ་མཉམ་དང་བརྩི་འཇོག་གི་རྨང་གཞིའི་ཐོག་གདོང་ཐུག་དང་འགྲན་རྒོལ་མི་བྱེད་པ་དང་།  སྒོ་འབྱེད་དང་དངོས་སྒྲུབ་མཉམ་ལས་བྱེད་པ། ཕན་ཚུན་གྱི་ཡིད་ཆེས་རིམ་བཞིན་གསོག་འཇོག་བཅས་བྱེད་པའི་དམག་དཔུང་གཉིས་ཀྱི་འབྲེལ་བ་བཙུགས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཡོང་བའི་བརྟན་བརླིང་གི་རྨང་རྡོ་དངོས་སུ་བྱེད་དགོས། 
   ཏུང་ཅུན་གྱིས་ནན་བཤད་བྱས་དོན། ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ལྟེ་བའི་ཁེ་ཕན་ཁྲོད་ཀྱི་ལྟེ་བ་ཡིན་པས། ཀྲུང་གོའི་ལྟེ་བའི་ཁེ་ཕན་ལ་གནོད་འཚེ་གཏན་ནས་ཕོག་མི་ཆོག ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གིས་“ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་བྱ་སྤྱོད་མཐའ་དག་དང་ཕྱི་ཕྱོགས་ཀྱིས་རྒྱ་ཡན་དུ་བཏང་ནས་རྒྱབ་སྐྱོར་བྱེད་པ་དེ་རང་དགར་གཏན་ནས་འཇོག་མི་སྲིད། མིག་སྔར་ལྷོ་རྒྱ་མཚོའི་དུས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་། ས་ཁུལ་རྒྱལ་ཁབ་ལ་གནད་དོན་ཐག་གཅོད་བྱེད་འདོད་ཡོད་ལ། བློ་གྲོས་དང་ནུས་པ་ལྡན་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་བརྟན་པོ་ལ་ངོས་འཛིན་གསལ་པོ་བྱས་ནས། ལྷོ་རྒྱ་མཚོའི་ཀྲུང་གོ་ཕྱོགས་ཀྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་བརྩི་འཇོག་ཏན་ཏིག་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ས་ཁུལ་གྱི་ཞི་བདེ་དང་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གཉིས་ཀྱི་འབྲེལ་བ་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱེད་དགོས། 
   ཕྱོགས་གཉིས་པོས་ད་དུང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་གཞན་དག་ཐད་བསམ་འཆར་བརྗེ་རེས་བྱས་པ་རེད།