འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་17ཉིན།

༄༅།།ཐོན་ལས་དང་ལས་ཞུགས་རོགས་སྐྱོར་གྱི་ཕན་འབྲས་ཆེ་རུ་ཇི་ལྟར་གཏོང་དགོས་སམ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་17ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་གི་གསར་འགོད་པ། ལི་ཞའོ་ཆིང་།
     འདི་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་ཐོན་ལས་དང་ལས་ཞུགས་རོགས་སྐྱོར་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས་ཞེས་བཏོན་ཡོད།   
     ཐོན་ལས་དང་ལས་ཞུགས་རོགས་སྐྱོར་གྱི་ཕན་འབྲས་སྔར་བས་ཆེ་རུ་ཇི་ལྟར་གཏོང་དགོས་སམ། ཞིང་ལས་གྲོང་གསེབ་པུའུ་ཡིས། ཐོན་ལས་ལ་རོགས་སྐྱོར་གྱི་རིགས་དབྱེའི་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཁག་གཅིག་སྲ་བརྟན་དང་། ཁག་གཅིག་རིམ་སྤོར། ཁག་གཅིག་ཕན་སྒྱུར། ཁག་གཅིག་ལེགས་སྒྲིག་བཅས་བྱས་ནས་ཐོན་ལས་སྤུས་འབྲས་ལེགས་གཉེར་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། དབུལ་ལོག་སྔོན་འགོག་གིས་ལས་ཞུགས་འགག་སྒྲོལ་བྱ་སྤྱོད་གཏིང་ཟབ་སྤེལ་ནས་དབུལ་སྒྲོལ་མི་འབོར་ཁྲི་3000ཡན་ལས་ཞུགས་གཞི་ཁྱོན་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་བཏོན་ཡོད།
     ཐོན་ལས་འཕེལ་རྒྱས་གཏོང་བ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་རྩ་བཅོས་ཀྱི་ཐབས་ཇུས་ཤིག་ཡིན། “ན་ནིང་ནས་བཟུང་། ཞིང་ལས་གྲོང་གསེབ་པུས་ས་གནས་ཁག་ལ་ཕྱོགས་ཡོངས་ནས་རོགས་སྐྱོར་ཐོན་ལས་དང་རྣམ་གྲངས་ཀྱི་རྒྱུ་ནོར་གནས་ཚུལ་གསེད་བཀྲོལ་དང་གྲལ་བཤེར་བྱས་ཏེ་གཞི་གྲངས་དང་འཕེལ་རྒྱས་ཀྱི་གནས་ཚུལ་གཞི་རྩའི་ཆ་ནས་གསལ་པོར་རྟོགས་པར་མཛུབ་ཁྲིད་བྱས་ཡོད”ཞིང་ལས་གྲོང་གསེབ་པུའི་འཕེལ་རྒྱས་འཆར་འགོད་སིའི་སི་ཀྲང་གཞོན་པ་ལུའོ་ཏུང་གིས།  2023ལོར་དབུལ་སྒྲོལ་རྫོང་གི་ཁྱད་ལྡན་གཙོ་ཁྲིད་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་1.6ལྷག་ཙམ་ཟིན་པ་དང་དབུལ་སྒྲོལ་རྫོང་200ལྷག་ཙམ་གྱི་གཙོ་ཁྲིད་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་30ལྷག་ཙམ་ཟིན་ཡོད་ཅེས་བརྗོད་པ་རེད།
     གོམ་སྟབས་རྗེས་མར། ཞིང་ལས་གྲོང་གསེབ་པུས་རིགས་དབྱེའི་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། ཁྲོམ་རའི་མདུན་ལམ་ཡངས་པ་དང་འབྲེལ་ཐག་ཅུང་འཐུས་སྒོ་ཚང་བའི་རོགས་སྐྱོར་བྱ་ཡུལ་ཐོན་ལས་ཀྱི་ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་ཞིབ་འཇུག་གསར་སྤེལ་ལ་རྒྱབ་སྐྱོར་བྱེད་པ་དང་ཐོན་ཚོང་གནད་སྨིན་འབྲེལ་མཐུད་ལ་སྐུལ་འདེད་བཏང་ནས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་གཏོད་པ་དང་། ཐོན་ཁུངས་ལ་འདེགས་སྐྱོར་ཡོད་པ་དང་འཕེལ་རྒྱས་ལ་རྨང་གཞི་ཡོད་པའི་རོགས་སྐྱོར་ཐོན་ལས་ལ་རྒྱབ་སྐྱོར་བྱས་ཏེ་ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་མྱུར་སེལ་བ། གཉེར་སྐྱོང་ལ་གནས་སྐབས་དཀའ་ངལ་འཕྲད་པའམ་ཡང་ན་འཕེལ་རྒྱས་འཕེལ་མེད་སོར་གནས་ཀྱི་རོགས་སྐྱོར་ཐོན་ལས་ལ་དཀའ་ངལ་སེལ་རོགས་བྱས་ཏེ་འཕེལ་རྒྱས་རྒྱུན་མཐུད་དཀའ་བའི་རོགས་སྐྱོར་ཐོན་ལས་དུས་ཐོག་ཏུ་ལེགས་སྒྲིག་བྱེད་པ། དུས་མཚུངས་སུ་འཆར་འགོད་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞབས་ཞུའི་འདེགས་སྐྱོར་དང་རྣམ་གྲངས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། རོགས་སྐྱོར་ཐོན་ལས་གཅིག་སྡུད་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་ཁག་གཅིག་ཕྱོགས་སྡོམ་བཅས་བྱས་ཏེ་གནས་ཀྱི་འགག་སྒྲོལ་ལ་བརྟེན་ནས་ཁྱོན་གྱི་མཐོར་གཏོང་ལ་སྐུལ་ཁྲིད་བྱ་རྒྱུ་རེད།
     “ལོ་འགོ་ནས་བཟུང་། རྒྱལ་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་གྱི་ལས་གནས་དང་ལས་ཞུགས་བརྟན་པོ་ཡོད་པ་དང་ཟླ་2པའི་ཟླ་མཇུག་བར་དབུལ་སྒྲོལ་མི་འབོར་གྱི་ལས་ཞུགས་གཞི་ཁྱོན་ཁྲི་2833.7ཟིན་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྱི་93.9%ཟིན་ཡོད”ཞིང་ལས་གྲོང་གསེབ་པུའི་རོགས་སྐྱོར་སིའི་གྲོང་གསེབ་དར་རྒྱས་ལྟ་སྐུལ་ཞིབ་བཤེར་ཆེད་མི་དབྱང་ལན་གྱིས“འདི་ལོ‘གསོག་ཚད་བརྟན་པོ་དང་། གྲངས་འབོར་མང་དུ་གཏོང་བ། སྤུས་ཚད་མཐོར་གཏོང’སོགས་ཐད་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་གཞི་ཁྱོན་ལྡན་པའི་དབུལ་ལོག་གི་གནས་ཚུལ་མི་ཐོན་པའི་མཐའ་ཚད་བརྟན་པོར་སྲུང་གི་ཡིན”ཞེས་བརྗོད།
     ཕྱོགས་གཅིག་ནས་ཕྱིར་གླ་པར་འགྲོ་མཁན་མང་དུ་གཏོང་རྒྱུ་ཡིན་ཞིང་། རྒྱལ་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་རྫོང་གཞན་དུ་གླ་པ་རྒྱུག་པར་འགྲོ་མཁན་གྱིས་གླ་པ་རྒྱུག་མཁན་གྱི་ལས་ཞུགས་མི་གྲངས་བསྡོམས་འབོར་གྱི་50%ཡན་བཟུང་ནས་ཤར་ནུབ་རྒྱུད་ཀྱི་ངལ་ནུས་མཉམ་སྒྲུབ་མུ་མཐུད་ཆེ་རུ་གཏོང་བ་དང་། ངལ་ནུས་འབྲེལ་མཐུད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། རྗེས་སྙེགས་ལས་ཞུགས་ཞབས་ཞུའི་ལས་དོན་སྤེལ་བ་བཅས་དང་དུས་མཚུངས་ཞིང་ཆེན་ནང་ཁུལ་གྱི་མཉམ་ལས་ཤུགས་ཆེར་གཏོང་བ་དང་། ཕྱོགས་གཞན་ཞིག་ནས་ཐག་ཉེ་སར་ལས་ཞུགས་ཐུབ་ཐབས་བྱེད་པ་དང་ལྷག་པར་དུ་རྫོང་ཁོངས་ཀྱི་ལས་ཞུགས་བར་སྟོང་རྒྱ་ཆེར་གཏོང་རྒྱུ་ཡིན་ཞིང་། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2023ལོ་ནས་བཟུང་དབུལ་སྒྲོལ་མི་འབོར་རྫོང་ཁོངས་སུ་གླ་པ་རྒྱུག་པའི་དགོས་མཁོ་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད། སླད་ཕྱིན་རྫོང་ཁོངས་ཀྱི་ལས་ཞུགས་བསྡུ་ལེན་ནུས་པ་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་བ་དང་། ལས་ཞུགས་རོགས་སྐྱོར་འཁོར་ཁང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་དོ་དམ་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ་ལས་རྣམ་གསར་པ་དང་བྱེད་ཐབས་གསར་པར་བརྟེན་ནས་དབུལ་སྒྲོལ་མི་འབོར་གྱི་ལས་ཞུགས་བསྡུ་ལེན་ལ་རྒྱབ་སྐྱོར་བྱེད་དགོས། དུས་མཚུངས་སུ་ལས་ཞུགས་གསོ་སྦྱོང་གི་ཕན་འབྲས་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་བཟོ་བོ་དང་ངལ་ནུས་སྤུས་རྟགས་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། ས་གནས་ཁག་གིས་ཞིང་ཆེན་སྒྲོལ་བའི་གླ་པ་རྒྱུག་མཁན་ལ་ཐེངས་གཅིག་རང་བཞིན་གྱི་འགྲིམ་འགྲུལ་ཁ་གསབ་སྤྲོད་པ་སོགས་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བ་དང་བྱ་དགའ་ཁ་གསབ་ཀྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པར་མཛུབ་ཁྲིད་བྱས་ཏེ་དབུལ་སྒྲོལ་མི་འབོར་གྱི་ནང་ངོས་འཕེལ་ནུས་ཆེ་རུ་བཏང་ནས་སྤུས་ཚད་མཐོ་ཞིང་སྔར་བས་ལེགས་པའི་སྒོ་ནས་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་དགོས།
     (ཉི་དོན་དང་གནམ་ཕྱུག་རྒྱལ་གྱིས་སྒྱུར་ཞུས་བྱས)