འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་17ཉིན།

༄༅།།ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་ལྡོག་རྩིས་དུས་ཚོད་བྱེད་སྒོ་སྤེལ་བ།

——ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་2025ལོའི་ཟླ་2ཚེས་7ཉིན་ནས་ཚེས་14ཉིན་བར་འཚོག་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་17ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ཧའར་པིན་ནས་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་གྱི་དགོང་མོ་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་ལྡོག་རྩིས་དུས་ཚོད་ཉིན་300ཡི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཧེ་ལུང་ཅང་ཧའར་པིན་ཟློས་གར་ཁང་ཆེ་མོར་འཚོགས་པ་དང་འབྲེལ་ཨེ་ཤེ་ཡའི་རྒྱལ་ཁབ(ས་ཁུལ)45ཡི་ཨོ་ལིམ་ཕིག་ཨུ་ལྷན་དངོས་སུ་གདན་འདྲེན་ཞུས་པ་རེད།
     ཡན་ལག་ཚོགས་ར་5དེ་དག་ཧེ་ལུང་ཅང་འཁྱགས་ཐོག་སྦྱོང་བརྡར་ལྟེ་གནས་དང་། ཆི་ཐའེ་ཧོ་གཙང་པོའི་མྱུར་ཤུད་ཁང་། ཆི་ཆི་ཧར་འཁྱགས་ཐོག་སྤོ་ལོ་ཁང་། ཧའར་པིན་ཆུན་ལི་རོལ་དབྱངས་ཐང་ཆེན། ཀྲུང་དབྱང་ཁྲོམ་གཞུང་བཅས་སུ་བཙུགས་ཡོད་པ་རེད། ལྡོག་རྩིས་དུས་ཚོད་ཉིན་300ཡི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་འགོ་ཚུགས་པ་དང་ཆབས་ཅིག་ཧའར་པིན་གྲོང་ཁྱེར་གྱི་མཛེས་ལྗོངས་ཁུལ་10ཡི་ལྡོག་རྩིས་གློག་དུས་གཅིག་ཏུ་སྤར་ཡོད་པ་རེད།
     ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་2025ལོའི་ཟླ་2ཚེས་7ཉིན་ནས་ཚེས་14ཉིན་བར་འཚོག་རྒྱུ་ཡིན་པ་རེད།