འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་16ཉིན།

༄༅།།རིམ་པ་ཆེས་མཐོ་བའི་བང་སོ་ཞིག་རྙེད་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་16ཉིན། 15:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།རིམ་པ་ཆེས་མཐོ་བའི་བང་སོ་ཞིག་རྙེད་འདུག
     རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཟླ་4ཚེས་16ཉིན་ཨན་ཧུའེ་ཞིང་ཆེན་ཧོའེ་ནན་གྲོང་ཁྱེར་དུ“ཀྲུང་གོའི་གནའ་རྫས་དཔྱད་ཞིབ”རྣམ་གྲངས་གལ་ཆེན་གྱི་འཕེལ་རིམ་གལ་ཆེན་ལས་དོན་ཚོགས་འདུ་འཚོགས་ནས། ཨན་ཧུའེ་ཞིང་ཆེན་ཧོའེ་ནན་གྲོང་ཁྱེར་ཝུའུ་ཝང་ཏུན་གྱི་དུར་སའི་གནའ་རྫས་དཔྱད་ཞིབ་གསར་རྙེད་ཡོངས་བསྒྲགས་བྱས་པ་རེད། 
     ཝུའུ་ཝང་ཏུན་གྱི་བང་སོར་ད་ལྟ་བང་སོ་གཙོ་བོ(བང་སོ་ཨང་དང་པོ།)དང་། བང་སོའི་ར་བ། ཤིང་རྟའི་དོང་། དུར་སྐོར། མཆོད་འབུལ་དོང་སོགས་རྗེས་ཤུལ་གལ་ཆེན་ཉར་ཚགས་བྱས་ཡོད། གནའ་རྫས་རྟོག་ཞིབ་ལས་དོན་པས་བང་སོ་གཙོ་བོར(བང་སོ་ཨང་དང་པོ།)གཙོ་གནད་དུ་སྔོག་འདོན་བྱས་ཏེ། རྒྱ་ཡིག“甲”དབྱིབས་ཀྱི་ཐུར་དོང་གི་བང་སོ་ཆེ་གྲས་ཤིག་ཡིན་པ་གཏན་འཁེལ་བྱས། དུར་ས་ནི་གྲུ་བཞི་ཙམ་ཡིན་ཞིང་། མཐའ་ཚད་ལ་སྨི་50ཙམ་ཡོད། དུར་སའི་ཤར་ཕྱོགས་སུ་རིང་ཚད་ལ་སྨི་42ཙམ་ཡོད་པའི་གསེག་ངོས་ཀྱི་དུར་ལམ་ཡོད། མིག་སྔར་ཤིང་ཆས་དང་ཟངས་ཆས་སོགས་རིག་དངོས་སྟོང་ལས་ལྷག་པ་བཏོན་ཡོད། ཝུའུ་ཝང་ཏུན་གྱི་བང་སོ་ནི་ཚན་རིག་དང་མཐུན་པའི་སྒོ་ནས་སྔོག་འདོན་བྱས་པའི་ད་བར་གཞི་ཁྱོན་ཆེ་ཤོས་དང་རིམ་པ་མཐོ་ཤོས། གྲུབ་ཆ་རྙོག་འཛིང་ཆེ་ཤོས་ཀྱི་ཁྲུའུ་རྒྱལ་ཁབ་ཀྱི་རིམ་པ་མཐོ་བའི་བང་སོ་ཆེ་གྲས་ཤིག་རེད།
༄༅།།རིམ་པ་ཆེས་མཐོ་བའི་བང་སོ་ཞིག་རྙེད་འདུག