འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་16ཉིན།

༄༅།།མཚོ་སྔོན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནད་ཆེན་འགན་བཅོལ་གྱི་དམངས་ཕན་སྲིད་
ཇུས་ལ་སྐུལ་འདེད་ཏན་ཏིག་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་16ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཉེ་བའི་ལོ་ཤས་རིང་། མཚོ་སྔོན་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་ནད་ཆེན་འགན་བཅོལ་འགན་སྲུང་གི་ཚད་གཞི་རྒྱུན་ཆད་མེད་པར་ལེགས་སྒྲིག་དང་མཐོ་རུ་བཏང་སྟེ། གཏོང་སྤྲོད་ཚད་གཞིའི་ལམ་ལུགས་ལག་བསྟར་བྱེད་འགོ་ཚུགས་མ་ཐག་པའི་ཐེངས་རེའི་སྒོར་5000ནས་ལོ་འཁོར་གྱི་རིམ་རྩིས་སྒོར་ཁྲི་1.2བར་ལེགས་སྒྲིག་བྱས་པ་དང་། མང་ཚོགས་མི་སྒེར་གྱིས་འཇལ་བའི་སྒྲིག་སྲོལ་དང་མཐུན་པའི་སྨན་རིན་རྩིས་ཞུ་ཐུབ་པའི་བསྡུར་ཚད་80%ཟིན་པ། རྩིས་ཞུར་མཐོ་ཤོས་ཀྱི་ཚད་བཀག་བཟོས་མེད་པས་མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཡང་དུ་བཏང་ཡོད།
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “ང་རང་གློ་བུར་དུ་སྙིང་ནད་ལངས་ནས་དབུགས་ཆད་ལ་ཁད་དུ་སྨན་ཁང་ནས་སྨན་བཅོས་བྱེད་པར་སྨན་རིན་སྒོར་ཁྲི་60.91ཕྱིན་སོང་། ནད་ཆེན་འགན་བཅོལ་ནས་སྨན་རིན་སྒོར་ཁྲི་37.33རྩིས་ཞུ་བྱས་པས་རྩིས་ཞུའི་དངུལ་གྲངས་ཀྱི་65.29%བཟུང་ཡོད” ཟླ་4ཚེས་11ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རེབ་གོང་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་ཨ་ཅག་དབང་ལགས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“ཏང་གི་དམངས་ཕན་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་གི་ཡིན། ངའི་སྨན་བཅོས་འགྲོ་གྲོན་མང་ཆེ་བ་རྩིས་ཞུ་ཐུབ་པས། བློ་བདེ་པོའི་ངང་སྨན་བཅོས་ཡག་པོ་བྱེད་རྒྱུ་བྱུང”ཞེས་བཤད།
    གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནད་ཆེན་འགན་བཅོལ་ནི་གཞི་རྩའི་སྨན་བཅོས་འགན་སྲུང་གི་རྨང་གཞིའི་སྟེང་ནད་གཞི་ཚབས་ཆེན་ཕོག་པའི་ནད་པའི་སྨན་རིན་མཐོ་པོ་སྔར་བས་འགན་སྲུང་བྱེད་པའི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་ཅིག་རེད། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་སྔོན་ལ་ཞིང་ཆེན་ཡོངས་ཀྱི་སྲིད་ཇུས་གཅིག་གྱུར་དང་། ཐེབས་རྩ་གཅིག་གྱུར་ཐོག་བསྡུ་བ་དང་གཏོང་བ། གྲོང་མི་ཡོངས་ལ་ཁྱབ་པ་བཅས་ཀྱི་ནད་ཆེན་འགན་བཅོལ་ལམ་ལུགས་ལག་བསྟར་བྱེད་འགོ་ཚུགས་པ་རེད།
    ཉེ་བའི་ལོ་ཤས་རིང་། མཚོ་སྔོན་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་ནད་ཆེན་འགན་བཅོལ་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་སྲིད་ཇུས་དང་བྱེད་ཐབས་ལེགས་སུ་བཏང་ནས། ནད་ཆེན་འགན་བཅོལ་ལ་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་སྟེ། མ་དངུལ་གྲབས་གསོག་གི་ཚད་གཞི་དེ་ལམ་ལུགས་ལག་བསྟར་བྱེད་འགོ་ཚུགས་མ་ཐག་པའི་ལོ་རེར་མི་རེར་ཆ་སྙོམས་སྒོར་50ནས་སྒོར་95བར་མཐོ་རུ་བཏང་བ་དང་། མཁོ་བའི་མ་དངུལ་གྲོང་མིའི་སྨན་བཅོས་འགན་བཅོལ་ཐེབས་རྩ་ནས་རྩིས་སྒྱུར་བྱས་ཏེ་མང་ཚོགས་ཀྱི་སྨན་རིན་ཁུར་པོ་ལྕི་རུ་མི་གཏོང་བ། མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་4.2ཟིན་པ་བཅས་རེད། ནད་ཆེན་འགན་བཅོལ་འགན་སྲུང་གི་ཚད་གཞི་རྒྱུན་ཆད་མེད་པར་ལེགས་སྒྲིག་དང་མཐོ་རུ་བཏང་སྟེ། གཏོང་སྤྲོད་ཚད་གཞིའི་ལམ་ལུགས་ལག་བསྟར་བྱེད་འགོ་ཚུགས་མ་ཐག་པའི་ཐེངས་རེའི་སྒོར་5000ནས་ལོ་འཁོར་གྱི་རིམ་རྩིས་སྒོར་ཁྲི་1.2བར་ལེགས་སྒྲིག་བྱས་པ་དང་། མང་ཚོགས་མི་སྒེར་གྱིས་འཇལ་བའི་སྒྲིག་སྲོལ་དང་མཐུན་པའི་སྨན་རིན་རྩིས་ཞུ་ཐུབ་པའི་བསྡུར་ཚད་80%ཟིན་པ། རྩིས་ཞུར་མཐོ་ཤོས་ཀྱི་ཚད་བཀག་བཟོས་མེད་པས་མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཡང་དུ་བཏང་ཡོད།
   དེ་དང་དུས་མཚུངས། ནད་ཆེན་འགན་བཅོལ་གྱི་ཀུན་ཕན་ཐོབ་ཐང་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་རྨང་གཞིའི་ཐོག་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང་། མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ། དབུལ་པོ་བསྐྱར་ལོག་མི་འབོར་སོགས་དཀའ་ངལ་ཆེ་བའི་མང་ཚོགས་ལ་ནད་ཆེན་འགན་བཅོལ་གྱི་ཐོག་མའི་གཏོང་སྤྲོད་ཚད་གཞི་50%དམའ་རུ་བཏང་བ་དང་། རྩིས་ཞུའི་བསྡུར་ཚད་5%མཐོ་རུ་བཏང་བ། རྩིས་ཞུར་མཐོ་ཤོས་ཀྱི་ཚད་བཀག་མི་བཟོ་བ་བཅས་ཀྱི་གཟིགས་སྐྱོང་འགན་སྲུང་སྲིད་ཇུས་ལག་བསྟར་བྱས་པས། མང་ཚོགས་ལ་ནད་གཞི་ཚབས་ཆེན་ཕོག་སྐབས་ནད་ཆེན་འགན་བཅོལ་གྱིས་མང་ཚོགས་ཀྱི་ཁུར་པོ་ཡང་དུ་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།