འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་16ཉིན།

༄༅།།ལྷ་ས་དང་མངའ་རིས་ཀྱིས་མཉམ་དུ“ས་གྲོལ་དཔལ་འབྱོར”སྟོབས་ཆེར་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་16ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདོད་མཐུན་མ་དངུལ་འཇོག་ཚད་སྒོར་དུང་ཕྱུར་5.8ཟིན་པ།
   འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ལྷ་ས་དང་མངའ་རིས་ཀྱི་མཉམ་ལས་སྤེལ་རེས་སྔར་བས་ཟབ་ཏུ་གཏོང་བ་དང་ས་གནས་གཉིས་ཀྱི་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་ཆེད། ཉེ་ཆར། ལྷ་ས་མཐོ་གསར་ཁུལ་དོ་དམ་ཨུ་ལྷན་དང་མངའ་རིས་ས་ཁུལ་འཕེལ་སྒྱུར་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི“ས་གྲོལ་དཔལ་འབྱོར”གྱི་ཆེད་དོན་འོས་སྦྱོར་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག ཁྱོན་རྣམ་གྲངས་ཁག་8ལ་མིང་རྟགས་བཀོད་པ་དང་། དེའི་ནང“ས་གྲོལ་དཔལ་འབྱོར”དང་འབྲེལ་བ་ཡོད་པའི་ཁེ་ལས་3ཚུད་ཡོད་པ་དང་འདོད་མཐུན་མ་དངུལ་འཇོག་ཚད་སྒོར་དུང་ཕྱུར་5.8ཟིན་ཡོད་པ་རེད།
   ཚོགས་འདུའི་ཐོག མངའ་རིས་དང་ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱིས་རང་སོ་སོའི་རང་བྱུང་ཐོན་ཁུངས་དང་། སྲིད་ཇུས་ཀྱི་ལེགས་ཆ། ས་ཁོངས་ཀྱི་ལེགས་ཆ་བཅས་འོས་སྦྱོར་བྱས་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། “ས་གྲོལ་དཔལ་འབྱོར”ཞེས་པ་ནི་ཕན་ཚུན་རང་ཚུགས་དང་དཔལ་འབྱོར་འཕེལ་རྒྱས་ལ་ཧེ་བག་ཡོད་པའི་སྲིད་འཛིན་ས་ཁུལ་གཉིས་ཀྱིས་སྔར་ཡོད་ཀྱི་སྲིད་འཛིན་ས་ཁོངས་དབྱེ་བའི་ཚོད་འཛིན་མེད་པར་བཟོས་ནས། ས་ཁོངས་སྒྲོལ་བའི་སྲིད་འཛིན་དོ་དམ་དང་དཔལ་འབྱོར་གསར་སྤེལ་བརྒྱུད། ས་གནས་གཉིས་ཀྱི་ཐོན་ཁུངས་གསབ་རེས་དང་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བའི་ས་ཁོངས་དཔལ་འབྱོར་མཉམ་ལས་བྱེད་སྟངས་ཤིག་ལ་ཟེར་བ་ཡིན།