འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་16ཉིན།

༄༅།།བོད་ལྗོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་མྱུར་སྒྲུབ་དམ་འཛིན་ལ་འགོ་ཚུགས་བཀྲ་ཤིས་བྱུང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་16ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   དུས་ཚིགས་དང་པོར་མ་དངུལ་སྒོར་དུང་ཕྱུར་26.26བཏང་བ་དེ་དུས་མཚུངས་ལས་13%འཕར་བ།
   འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར། 2024ལོར། བོད་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་དང་། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ ས་ཁང་བདག་ཁོངས་གསར་སྤེལ་སོགས་རིགས་ཆེ་གྲས་6གི་གཙོ་གནད་རྣམ་གྲངས་ཁག་218ལག་བསྟར་བྱ་རྒྱུ་ཡིན་པར་མ་དངུལ་སྒོར་དུང་ཕྱུར་193གཏོང་རྩིས་ཡོད་པ་རེད། ཟླ་3པའི་ཟླ་མཇུག་བར། མ་དངུལ་སྒོར་དུང་ཕྱུར་26.26བཏང་བ་དེ་དུས་མཚུངས་ལས་13%འཕར་ཞིང་། དུས་ཚིགས་དང་པོར་འཆར་འགོད་བྱས་པའི་སྒོར་དུང་ཕྱུར་21.6གི་དམིགས་ཚད་ལས་འགན་ཚད་བརྒལ་ལེགས་གྲུབ་བྱུང་ནས་དུས་ཚིགས་དང་པོར་འགོ་ཚུགས་བཀྲ་ཤིས་བྱུང་བ་རེད།