འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་15ཉིན།

༄༅།།གཡི་ཞིག་གིས་འབྲོག་པའི་ལུག་20ལྷག་བསད་འདུག

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་15ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     གསར་འགོད་པས་མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་4ཚེས་12ཉིན། སྒར་རྫོང་སྤྱི་བདེ་ཅུས་དགུན་ས་ཞང་མངགས་གཏོང་ཁང་ལ་གནམ་རི་གྲོང་ཚོའི་ཡུལ་མིའི་རོགས་སྐྱོར་ཉེན་བརྡ་འབྱོར་པ་སྟེ། རང་ཁྱིམ་གྱི་ལུག་རར་གཡི་ཞིག་འཛུལ་ཏེ་ལུག་20ལྷག་ཙམ་བསད། ཉེན་རྟོག་པ་མངགས་ནས་རོགས་རམ་གནང་རོགས་ཞེས་བཤད་པ་རེད། 
     རོགས་སྐྱོར་ཉེན་བརྡ་འབྱོར་རྗེས། དགུན་ས་ཞང་མངགས་གཏོང་ཁང་གི་དམངས་རོགས་ཉེན་རྟོག་པ་མགྱོགས་མྱུར་ཡུལ་དངོས་སུ་བསྐྱོད་དེ། དགུན་ས་ཞང་ཏང་ཡོན་གདོང་ལེན་རུ་ཁག་དང་མཉམ་འབྲེལ་བྱས་ཏེ་འཕྲལ་བསྟུན་མཉམ་འགུལ་ལམ་སྲོལ་ལག་བསྟར་བྱས་ནས། ཕྱོགས་གཅིག་ནས་ཡུལ་མི་ཁ་འགྲེམ་བྱས་པ་དང་། ཕྱོགས་གཞན་ཞིག་ནས་གཡི་འཛིན་བཟུང་གི་བྱ་སྤྱོད་སྤེལ་བ་རེད། 
     མི་རྣམས་ཀྱིས་ཕན་ཚུན་གཞོགས་འདེགས་དང་མཉས་ལས་བྱས་པར་བརྟེན། མཐར་རས་ཁུག་སྤྱད་དེ་གཡི་དེ་བཟུང་བ་མ་ཟད། སྒར་རྫོང་རང་བྱུང་ཐོན་ཁུངས་ཅུས་ལ་སྤྲད་དེ་རང་བྱུང་ཁམས་སུ་ཕྱིར་ཕུད་དུ་བཅུག་པ་རེད།