འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་15ཉིན།

༄༅།།འདིའི་ཐད་བཅིངས་འགྲོལ་དམག་གིས་རྒོལ་རྡུང་དྲག་པོ་གཏོང་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་15ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཟླ་4ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་སྲུང་པུའུ་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་། རྒྱལ་སྲུང་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཏ་ཞའོ་དམག་དཔོན་ཝུའུ་ཆན་གྱིས་ཉེ་ཆར་དམག་དོན་འབྲེལ་བའི་སྐོར་ལ་ཆ་འཕྲིན་སྤེལ་བ་རེད། 
   གསར་འགོད་པ། གནས་འཕྲིན་སྤེལ་བར་གཞིགས་ན། མཚོ་འགག་དམག་སི་ལིང་ཉེ་ཆར་ཞ་ཝེ་དབྱི་རུ་ཡོད་པའི་ཨ་དམག་གི་ཧིན་ཞི་སྤྱི་ཁྱབ་ལས་ཁུངས་ལ་ཕྱོགས་མྱུལ་ངན་འབྲེལ་བྱས་པ་དང་། ཨ་རིའི་འབྲེལ་ཡོད་ཀྱི་དམག་དོན་བྱ་འགུལ་ལ་ཞུགས་པ་རེད། དཔྱད་བརྗོད་ལ་ལས། ཐེངས་འདིའི་འཚམས་འདྲི་ནི་ཨ་རིས་“མཉམ་འབྲེལ་གླིང་ཚོམས་འགོག་སྲུང་དོན་སྤྱིའི་” གྲུབ་ཆ་ཡིན་ཞིང་། དེའི་དམིགས་ཡུལ་ནི་ཐའེ་ཝན་སྲིད་འཛིན་ཏང་དང་མཐུན་སྦྱོར་སྒོས་“གླིང་ཕྲན་ཕྲེང་བ་དང་པོ་”ཡི་ནང་དུ་ཀྲུང་གོའི་དམག་ཤུགས་ལ་ཁ་གཏད་གཅོག་པར་སྙོམས་སྒྲིག་བྱ་ཆེད་རེད་བརྗོད་ཡོད། དེའི་ཐད་ལ་དཔྱད་བརྗོད་གང་ཞིག་སྤེལ་རྒྱུ་ཡོད་དམ། 
   ཝུའུ་ཆན། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་དང་ཀྲུང་གོའི་ཐའེ་ཝན་ས་ཁུལ་བར་རྣམ་པ་གང་རུང་གི་དམག་དོན་འབྲེལ་བ་བྱེད་པའི་ཐད་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུའི་ལངས་ཕྱོགས་ནི་ཁ་གསལ་པོ་ཡིན། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་བྲལ་ཐབས་མེད་པའི་ཁག་ཅིག་ཡིན་ཞིང་། ཐའེ་ཝན་གྱི་གནད་དོན་ཐག་གཅོད་རྒྱུ་ནི་ཀྲུང་གོའི་ནང་སྲིད་ཡིན་པ་དང་། ཕྱི་ཕྱོགས་སྟོབས་ཤུགས་གང་གིས་ཀྱང་ཐེ་ཇུས་བྱེད་མི་ཆོག 
   “གླིང་ཕྲན་ཕྲེང་བ་དང་པོ་”ཟེར་བ་ནི་འཇམ་ཐབས་སྐབས་ཀྱི་ས་བབ་ཆབ་སྲིད་ཀྱི་ཐོན་དངོས་རེད། ཀྲུང་གོ་འགོག་པའི་ངན་ཇུས་ཚང་མ་སྟོང་བསམ་ཁོ་ན་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་སྒྲིག་སྲོལ་ནན་པོར་སྲུང་ནས། “ཐའེ་ཝན་རང་བཙན”ལ་རྒྱབ་སྐྱོར་མེད་པའི་ཁས་ལེན་དེ་ལག་བསྟར་ནན་པོ་བྱེད་པ་དང་། འཕྲལ་ཏུ་ཨ་རི་དང་ཐའེ་ཝན་བར་གྱི་དམག་དོན་འབྲེལ་བ་དང་གཞུང་ཕྱོགས་འབྲེལ་བ་མཚམས་འཇོག་དགོས། དམངས་གཙོ་ཡར་སྐུལ་ཏང་ལ་ནན་གྱིས་བསྒྲགས་དོན། “མིག་མངས”བྱས་ན་“བསྐྱུར་ངེས”རེད། “དྲག་ཆས་ལ་བརྟེན་ནས་ཐའེ་ཝན་རང་བཙན་བྱེད་པ་”ནི་སྟོང་བསམ་དང་འཆི་ལམ་ཉག་ཅིག་ཡིན། རྣམ་པ་གང་རུང་གི་“ཐའེ་ཝན་རང་བཙན་”ཁ་ཕྲལ་གྱི་བྱ་སྤྱོད་ལ་བཅིངས་འགྲོལ་དམག་གིས་རྒོལ་རྡུང་དྲག་པོ་གཏོང་རྒྱུ་ཡིན།