འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་15ཉིན།

༄༅།།སློབ་མ་འདི་སློབ་གྲྭ་ནས་ཕུད་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་15ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཟླ་4ཚེས་13ཉིན། གསར་འགོད་པས་ཕྱོགས་མང་པོ་ནས་བདེན་དཔང་བྱས་དོན་དུ། ཅང་ཞི་དགེ་འོས་སློབ་ཆེན་ཡའོ་ཧོ་སློབ་ཁུལ་གྱི་ཞི་མི་སྡུག་གསོད་གཏོང་མཁན་སློབ་མ་ཀའོ་ཆེ་གེ་མོ་སློབ་གྲྭའི་སྒྲིག་ལམ་དང་འགལ་བས་སློབ་ཁོངས་ནས་ཕུད་འདུག 
སློབ་གྲྭས་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་གསལ་དུ། སློབ་མ་དེ་ནི་ཅང་ཞི་དགེ་འོས་སློབ་ཆེན་ཡའོ་ཧོ་སློབ་ཁུལ་གྱི་སློབ་གླིང་ག་གེ་མོའི་2022ལོའི་སློབ་མ་ཡིན་པ་དང་། ཉལ་ཁང་དུ་ཞི་མི་གསོས་པ་མ་ཟད་ཞི་མིར་མནར་གཅོད་ཐེངས་མང་བཏང་བ་དང་། དུས་མཚུངས་ཆགས་སྲེག་ཀྱི་བརྙན་རིས་སྤེལ་བའི་བྱ་སྤྱོད་ལྡན་ཞིང་། སློབ་ཚན་གྱི་སློབ་ཁྲིད་གཡོལ་ཐེངས12བྱས་པས། 《ཅང་ཞི་དགེ་འོས་སློབ་ཆེན་སློབ་མའི་སྒྲིག་འགལ་ཆད་བཅད་དོ་དམ་བྱ་ཐབས་》ཀྱི་འབྲེལ་ཡོད་སྒྲིག་སྲོལ་ལ་གཞིགས་ནས། སློབ་གྲྭས་ཀའོ་ཆེ་གེ་མོ་སློབ་གྲྭའི་སློབ་ཁོངས་ནས་ཕུད་ཡོད།