འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་15ཉིན།

༄༅།།དཀའ་སྡུག་དང་བདེ་སྐྱིད། བོད་ཀྱི་ཡར་ལངས་ཞིང་བྲན་བློ་བཟང་།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་15ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་བློ་བཟང་གི་འདྲ་པར་ཡིན་པ།
འདི་ནི་བློ་བཟང་གི་འདྲ་པར་ཡིན་པ།
    བློ་བཟང་1939ལོར་སྐྱེས། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀུན་བདེ་གླིང་ཁྲོམ་གཞུང་གི་གྲོང་མི་ཡིན།
    ཁོང་གི་ཕ་མ་གཉིས་ཀ་སྔོན་ཆད་ཀུན་བདེ་གླིང་དགོན་པའི་ཁྲལ་པ་ཡིན་ཞིང་། ལོ་8ནས་བཟུང་། ཁོང་གིས་དགོན་པར་ཁྲལ་རྒྱུག་པ་དང་། ལོ་བཅུ་ལྷག་ཙམ་ནས་བཟུང་དགོན་སྡེའི་དྲེལ་པར་གྱུར་ནས་དངོས་ཟོག་སྐྱེལ་འདྲེན་གྱི་འགན་འཁུར་གྱི་ཡོད་པས་དགོན་སྡེས་ཟླ་རེར་གླ་ཆར་རྩམ་པ་རྒྱ་མ་20ལྷག་ཙམ་སྤྲོད་ཀྱི་ཡོད། “རྟ་དྲེལ་གྱི་སྐྱེལ་འདྲེན་ནི་ཤུགས་ལས་ཡིན་པས་རྟག་ཏུ་རི་ཀླུང་མང་པོ་བརྒལ་དགོས། འོན་ཀྱང་རྩམ་པ་ཕྲན་ཙམ་ལས་མེད་པས་གྲོད་པ་རྒྱགས་ཀྱི་མི་འདུག”ཅེས་ཁོང་གིས་བརྗོད།
   1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བློ་བཟང་ལ་རང་ལུས་རང་དབང་ཐོབ་པ་མ་ཟད། ད་དུང་ཁང་པ་ཡང་བགོ་བཤའ་རག ལོ་དེར་ཁོང་གིས་བཅིངས་འགྲོལ་དམག་ལ་ལམ་སྣེ་འཁྲིད་དེ་ངོ་ལོག་དམག་མི་རྗེས་འདེད་བཏང་བ་རེད།
   1960ལོར་ཁོང་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བསྐོ་གཞག་བྱས་པ་མ་ཟད། ལོ་དེར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས། ཕྱིས་སུ་ཁོང་གནས་སའི་གྲོང་མི་ཨུ་ལྷན་དེ་ཞོལ་སྡེ་ཁུལ་གྲོང་མི་ཨུ་ལྷན་དང་ཟླ་སྒྲིལ་བཏང་བ་དང་ཁོང་གིས་ཀྱང་སྔ་རྗེས་སུ་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་དང་ཏང་ཀྲི་པུའི་ཧྲུའུ་ཅི་སོགས་ཀྱི་འགན་འཁུར།
    ད་ཆ་རྒན་ཡོལ་ཞུས་པའི་ཁོང་དང་ནང་མི་རྣམས་ཐོག་སོ་གསུམ་ལྡན་གྱི་ཁང་པའི་ནང་འཚོ་བ་སྐྱེལ་བཞིན་ཡོད།
    ཁོང་གི་བུ་མོ་རྒན་པ་དང་བུ་མོ་འབྲིང་བས་ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་དུ་ཇ་ཁང་ཞིག་གཉེར་བ་དང་བུ་མོ་ཆུང་བ་དངུལ་ཁང་དུ་ལས་ཀ་བྱེད་བཞིན་ཡོད། བློ་བཟང་གིས་དུས་རྒྱུན་ཁྱིམ་དུ་ཚ་བོར་ལྟ་རྟོག་བྱེད་པ་དང་སྐབས་རེ་སྤྱི་གླིང་དུ་ལུས་སྦྱོང་ལ་འགྲོ་གི་ཡོད། ད་ཆ་འཚོ་བ་ཧ་ཅང་སྐྱིད་པོ་འདུག་ཅེས་བརྗོད།
འདི་ནི་བློ་བཟང་དང་ཁོང་གི་བཟའ་ཟླའི་འདྲ་པར་ཡིན་པ།
འདི་ནི་བློ་བཟང་དང་ཁོང་གི་བཟའ་ཟླའི་འདྲ་པར་ཡིན་པ།