འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་13ཉིན།

༄༅།།སློབ་གསོ་པུས་2024ལོའི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་སློབ་གསོའི་ཉིན་མོའི་
བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་13ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ● སྔ་རྗེས་སུ“མཐོ་སློབ་ཀྱི་སློབ་མ་ཁྲི་སྟོང་ལ་རྒྱལ་ཁབ་བདེ་འཇགས་ཀྱི་སློབ་གསོའི་སློབ་ཚན”དང་། མཐོ་སློབ་ཀྱི་རྒྱལ་ཁབ་བདེ་འཇགས་བརྙན་ལམ་ཡོངས་བསྒྲགས་སློབ་ཚན། བརྗོད་དོན་གཙོ་བོའི་བརྩམས་ཆོས་བསྡུ་ལེན་དང་དྲ་ཐོག་ནས་འགྲེམས་སྟོན། རྒྱལ་ཁབ་བདེ་འཇགས་ཀྱི་ཤེས་བྱའི་དྲིས་ལན་སོགས་གཙོ་གནད་དྲིལ་བསྒྲགས་བྱེད་སྒོ་སྤེལ་རྒྱུ།
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། འདི་ལོའི་ཟླ་4ཚེས་15ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་སློབ་གསོའི་ཉིན་མོ་ཐེངས་དགུ་པ་དེ་རེད། གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་པར། སློབ་གསོ་པུའི་བསམ་བློ་ཆབ་སྲིད་ལས་དོན་སིས་ཉེ་ཆར་བརྡ་ཐོ་བཀྲམ་ནས་2024ལོའི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་ཡིན་པ་རེད། བརྡ་ཐོར་གཞིགས་ན། ཟླ་4ཚེས་15ཉིན་གྱི་སྔ་རྗེས་སུ“མཐོ་སློབ་ཀྱི་སློབ་མ་ཁྲི་སྟོང་ལ་རྒྱལ་ཁབ་བདེ་འཇགས་ཀྱི་སློབ་གསོའི་སློབ་ཚན”དང་། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) མཐོ་སློབ་ཀྱི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་བརྙན་ལམ་ཡོངས་བསྒྲཌ་སློབ་ཚན། བརྗོད་དོན་གཙོ་བོའི་བརྩམས་ཆོས་བསྡུ་ལེན་དང་དྲ་ཐོག་ནས་འགྲེམས་སྟོན། རྒྱལ་ཁབ་བདེ་འཇགས་ཤེས་བྱའི་སྐོར་གྱི་དྲིས་ལན་སོགས་གཙོ་གནད་དྲིལ་བསྒྲགས་བྱེད་སྒོ་སྤེལ་རྒྱུ་རེད།
   བརྡ་ཐོའི་ནང་ས་གནས་ཁག་དང་སློབ་གྲྭ་ཁག་གིས་རྒྱུན་རྣམ་ཅན་གྱི་སྒོ་ནས་རྒྱལ་ཁབ་བདེ་འཇགས་ཀྱི་སློབ་གསོ་སྤེལ་བ་དང་འབྲེལ་ཡོད་སློབ་གསོའི་ཐོན་ཁུངས་རྒྱ་ཆེར་ཧུར་ཐག་གཏོང་དགོས། ས་གནས་ཁག་གི་སློབ་གསོའི་སྡེ་ཚན་གྱིས་བདེ་འཇགས་སློབ་གསོའི་རྨང་གཞི་ལེགས་པའི་སློབ་གྲྭ་བདམས་ནས་རྒྱལ་ཁབ་བདེ་འཇགས་ཀྱི་སློབ་གསོའི་རྟེན་གཞི་ཁག་གཅིག་འཛུགས་པར་རྒྱབ་སྐྱོར་བྱེད་པ་དང་། ཁྱབ་འགྱེད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་པ། དགེ་སློབ་རྣམས་རྒྱལ་ཁབ་བདེ་འཇགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོར་ཞུགས་པར་སྐུལ་ལྕག་བཅས་བྱས་ཏེ་བདེ་འཇགས་ཀྱི་འདུ་ཤེས་དང་བཀོལ་སྤྱོད་ནུས་པ་ཆེ་རུ་གཏོང་དགོས། ཆ་རྐྱེན་འཛོམས་པའི་མཐོ་སློབ་ཀྱིས་རིག་ཚན་དང་ཤེས་ལྡན་པའི་ལེགས་ཆ་གང་ལེགས་འདོན་པར་སྐུལ་མ་གཏོང་བ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བའི་སྒྲོག་འགྲེལ་ཚོགས་པ་འཛུགས་པ། འབྲེལ་ཡོད་དགེ་སློབ་སྒྲིག་འཛུགས་བྱས་ནས་སློབ་གྲྭ་དང་། སྡེ་ཁུལ། ཚན་པ་སོགས་སུ་བསྐྱོད་དེ་སྒྲོག་འགྲེལ་བཅས་བྱས་ཏེ་ལག་ལེན་ལ་བརྟེན་ནས་མི་སྣ་གསོ་སྐྱོང་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད་པ་རེད།