འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་12ཉིན།

༄༅།།ཀྲུང་གོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་12ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་4ཚེས་11ཉིན། ཚོང་དོན་པུས་རྒྱུན་ལྡན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། 
     གསར་འགོད་པ་ཞིག་གིས། ཨ་རིས་ཀྲུང་གོའི་ཀུང་སི་6ཕྱིར་གཏོང་དོ་དམ་བཀག་སྡོམ་གྱི་དངོས་ཚན་གསལ་ཐོའི་ནང་འཇུག་རྒྱུ་རེད། ཚོང་དོན་པུའུ་ལ་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས། 
     ཚོང་དོན་པུའི་མགྲིན་ཚབ་པ་ཧོ་ཡ་ཏུང་གིས། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་གནས་ཚུལ་ལ་དོ་སྣང་བྱུང་། དུས་སྐབས་ཤིག་རིང་ཨ་རི་ཕྱོགས་ཀྱིས་ཨུ་རུ་སུ་དང་དམག་དཔུང་དང་འབྲེལ་བ་ཡོད་པ་སོགས་ལ་ཁ་གཡར་ནས། ཀྲུང་གོའི་ཁེ་ལས་ཕྱིར་གཏོང་དོ་དམ་བཀག་སྡོམ་གྱི་དངོས་ཚན་གསལ་ཐོའི་”ནང་བསྟུད་མར་བཅུག་ཡོད། ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་ཐ་སྙད་ཁྱབ་གདལ་དུ་བཏང་བ་དང་། ཕྱིར་གཏོང་དོ་དམ་བཀག་སྡོམ་བྱེད་ཐབས་གང་བྱུང་དུ་སྤྱད་དེ་ཀྲུང་གོའི་ཁེ་ལས་ལ་ཕྱོགས་རྐྱང་པའི་བཀག་སྡོམ་དང་། གང་འདོད་དུ་“ཇུས་མེད་ཇུས་གཏོགས་” བྱེད་ཀྱི་ཡོད། དེ་ནི་དཔེ་མཚོན་གྱི་དཔལ་འབྱོར་བཙན་ཤེད་དང་ཕྱོགས་རྐྱང་རིང་ལུགས་ཀྱི་བཙན་ཤེད་བྱེད་སྤྱོད་ཅིག་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཨ་རི་ཕྱོགས་ཀྱིས་ནོར་འཁྲུལ་གྱི་བྱེད་སྟངས་འཕྲལ་མར་ཡོ་བསྲང་བྱས་ནས། ཀྲུང་གོའི་ཁེ་ལས་ལ་གནས་ལུགས་མེད་པར་གནོན་ཤུགས་སྤྲོད་རིགས་མཚམས་འཇོག་དགོས། ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་མཐའ་དག་སྤྱད་དེ་ཀྲུང་གོའི་ཁེ་ལས་ཀྱི་ལུགས་མཐུན་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།