འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་12ཉིན།

༄༅།།མཚོ་སྔོན་གྱི་རང་ཚུགས་ནུས་གསོག་རྣམ་གྲངས་ཐོག་མ་ལས་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་12ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོའི་ཟླ་1ཚེས་3ཉིན་གྲུབ་འབྲས་ཐོབ་པའི་ངང་ཚོང་འགུགས་བྱས་རྗེས། ཟླ་4ཚེས་9ཉིན་ཅང་སུའུ་ཤིས་ཡོན་ཚོགས་པས་ཁྱོན་མ་དངུལ་སྒོར་དུང་ཕྱུར་4.2བཏང་བའི་100MW/200MWhཡི་རང་ཚུགས་ནུས་གསོག་རྣམ་གྲངས་མཚོ་སྔོན་ཞིང་ཆེན་སྟོང་སྐོར་རྫོང་དུ་དངོས་སུ་སྐྲུན་འགོ་བཙུགས་ཡོད། རྣམ་གྲངས་དེ་མཚོ་སྔོན་ཞིང་ཆེན་གྱི་རང་ཚུགས་ནུས་གསོག་གློག་ཁང་གི་རྣམ་གྲངས་ཐོག་མ་དེ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་དངོས་སུ་གན་རྒྱ་བཞག་པ་ནས་ལས་འགོ་ཚུགས་པའི་བར་ཟླ་བ་4འགོར་ཡོད། སྔོན་དཔག་བྱས་ན་ཟླ་9པར་ལས་མཇུག་འགྲིལ་ནས་དྲ་སྦྲེལ་ཐུབ་རྒྱུ་རེད། རྣམ་གྲངས་ལག་ལེན་བསྟར་བ་དེས་སྟོང་སྐོར་རྫོང་གི་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཏེ། སྟོང་སྐོར་རྫོང་གི་གློག་ཤུགས་མ་ལག་གསར་གཏོད་དང་ལྗང་མདོག་གློག་དྲ་བསྐྲུན་ནུས་ཆེ་རུ་གཏོང་བར་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཟབ་མོ་ལྡན་པ་མཚོན་ཡོད།
    སྟོང་སྐོར་རྫོང་གིས་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ཞིབ་མཆན་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། འགན་ནུས་སྡེ་ཚན་ཁག་གི་མཐུན་སྦྱོར་མཉམ་སྒུལ་ལ་ཤུགས་སྣོན་རྒྱག་པ། སྲིད་གཞུང་དང་ཁེ་ལས་དབར་གྱི་མཐུན་སྦྱོར་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་བ། སྒྲུབ་རོགས་ཚབ་སྒྲུབ་ཀྱི“ཞབས་ཞུའི་སྤུས་ཚད”མཐོ་རུ་གཏོང་བ། “གཅིག་འཐུས་རྣམ་པའི”འདུས་གྲུབ་ཀྱི་ལེགས་ཆ་གང་ལེགས་འདོན་པ་བཅས་བྱས་ནས། ཁེ་ལས་ཀྱི་རེ་ཞུ“ཤར་བགྲོད”ཐུབ་པ་དང་། “སྤུས་ལེགས་ཞབས་ཞུར”བརྟེན་ནས་རྣམ་གྲངས“འཛུགས་སྐྲུན་མྱུར་པོ”ཡོང་བ་བྱས་ནས། ཁེ་ལས་ཀྱི་མ་འཇོག་འཕེལ་རྒྱས་དང་ཕན་འབྲས་ཆེར་གཏོང་ལ་འགན་ལེན་མཁོ་འདོན་བྱ་རྒྱུ་རེད།