འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་10ཉིན།

༄༅།།2023ལོར་རྒྱལ་ཡོངས་ཀྱི་འཁྲབ་སྟོན་ཁྲོམ་རའི་དཔལ་འབྱོར་གཞི་ཁྱོན་གྱི་སྤྱི་འབོར་སྒོར་དུང་ཕྱུར་739.94ཟིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་10ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཀྲུང་གོའི་འཁྲབ་སྟོན་ལས་རིགས་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི《2023ལོའི་རྒྱལ་ཡོངས་ཀྱི་འཁྲབ་སྟོན་ཁྲོམ་རའི་འཕེལ་རྒྱས་ཀྱི་གསར་འགྱུར་གནད་བསྡུས》ལས་མངོན་པར། 2023ལོར་རྒྱལ་ཡོངས་ཀྱི་འཁྲབ་སྟོན་ཁྲོམ་རའི་དཔལ་འབྱོར་གཞི་ཁྱོན་གྱི་སྤྱི་འབོར་སྒོར་དུང་ཕྱུར་739.94ཟིན་པ་དེ་2019ལོ་ལས་29.30%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་ཤོས་སུ་སླེབས་ཡོད་པ་རེད། རྒྱལ་ཡོངས་སུ་འཁྲབ་སྟོན(གྲོང་གསེབ་དང་སྤྲོ་སྐྱིད་ཁང་དུ་འཁྲབ་སྟོན་བྱེད་པ་ཚུད་མེད་པ)ཐེངས་ཁྲི་44.06བྱས་པ་དེ་2019ལོ་ལས་123.55%འཕར་བ་དང་། སྤ་སེ་བཙོངས་པའི་ཡོང་འབབ་སྒོར་དུང་ཕྱུར་502.32ཟིན་པ་དེ་2019ལོ་ལས་150.65%འཕར་བ། འཁྲབ་སྟོན་ལ་ལྟ་མཁན་མི་ཐེངས་དུང་ཕྱུར་1.7ཡན་ཟིན་པ་དེ་2019ལོ་ལས་83.01%འཕར་ཡོད་པ་རེད།
     (བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)