འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་10ཉིན།

༄༅།།ཞི་ཅིན་ཕིང་གིས་ཧྥ་རན་སེའི་མེ་ལི་ཨའེ་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་མེ་ལི་ཨའེ་སྟངས་དཔྱལ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་10ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ཟླ་4ཚེས་8ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཧྥ་རན་སེའི་མེ་ལི་ཨའེ་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་མེ་ལི་ཨའེ་སྟངས་དཔྱལ་དང་མཇལ་འཛོམས་གནང་བ།
ཟླ་4ཚེས་8ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཧྥ་རན་སེའི་མེ་ལི་ཨའེ་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་མེ་ལི་ཨའེ་སྟངས་དཔྱལ་དང་མཇལ་འཛོམས་གནང་བ། 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཧྥ་རན་སེའི་མེ་ལི་ཨའེ་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་མེ་ལི་ཨའེ་སྟངས་དཔྱལ་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་མེ་ལི་ཨའེ་སྟངས་དཔྱལ་དང་དེ་བཞིན་མེ་ལི་ཨའེ་ཐེབས་རྩ་ལྷན་ཚོགས་ཀྱིས་དུས་ཡུན་རིང་པོའི་ནང་ཀྲུང་ཧྥའི་འབྲེལ་བ་འཕེལ་རྒྱས་དང་དེ་བཞིན་ཀྲུང་གོའི་འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་གནང་བ་རེད།
     ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་པའི་འཕོ་འགྱུར་ཆེན་པོ་བྱུང་ནས་འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་ཡོ་ལངས་དུས་སུ་སླེབས་ཡོད། མིའི་རིགས་ཀྱི་སྤྱི་ཚོགས་ཀྱིས་ཏོག་གསར་རིམས་ནད་སོགས་འཕྲོད་བསྟེན་བདེ་ཐང་གི་འགྲན་སློང་ལ་ཁ་གཏད་གཅོག་དགོས་པ་མ་ཟད། ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་དང་ཡུག་རེན་གྱི་ཉམས་ཉེན་སོགས་ས་འབྲེལ་གདོང་ཐུག་ལ་ཡང་ཁ་གཏད་གཅོག་དགོས་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་ཞི་བདེ་དགོས་པ་ལས་དམག་འཁྲུག་མི་དགོས་པའི་འདོད་ཚུལ་འཛིན་པ་དང་དམག་འཁྲུག་མཚམས་འཇོག་བྱས་ནས་ཞི་བདེར་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་པའི་རེ་འབོད་བྱེད་ཀྱི་ཡོད། འདི་ལོ་ནི་ཀྲུང་ཧྥའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་ལོ་ཞིག་རེད། ལོ་60ཡི་རིང་། མི་རབས་ནས་མི་རབས་བར་ཀྲུང་ཧྥའི་འབྲེལ་བ་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཡུན་རིང་བརྟན་པོ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཧྥའི་མཛའ་གྲོགས་ལ་གཅེས་འཛིན་བྱེད་པ་དང་། ཧྥ་རན་སེ་ཕྱོགས་དང་མཐོ་རིམ་འགྲོ་འོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་སྤེལ་རེས་མཉམ་ལས་དམ་ཟབ་བྱས་ཏེ། ཀྲུང་ཧྥའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བར་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། དུས་ཡུན་རིང་པོའི་ནང་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོས་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་སུ་མཉམ་ལས་རབ་དང་རིམ་པ་བྱས་པར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། མེ་ལི་ཨའེ་ཐེབས་རྩ་ལྷན་ཚོགས་ཀྱིས་ཀྲུང་གོ་ཕྱོགས་དང་མུ་མཐུད་མཉམ་ལས་གཏིང་ཟབ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
     མེ་ལི་ཨའེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛད་བྲེལ་ཆེན་པོའི་ཁྲོད་མཇལ་འཕྲད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ཐོག་ནས་ཧྥ་རན་སེའི་མི་དམངས་ལ་བཅངས་པའི་མཛའ་གྲོགས་ཀྱི་བརྩེ་སེམས་གང་ལེགས་མཚོན་པས་སེམས་འགུལ་ཆེན་པོ་ཐེབས་བྱུང་། ང་དང་ཀྲུང་གོའི་དབར་ལོ་46གོང་ནས་འགྲོ་འོང་དང་མཛའ་བརྩེའི་འབྲེལ་བ་བཙུགས་པ་ཡིན། ལོ་མང་རིང་། ངས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་འཕེལ་རྒྱས་དང་ཡར་རྒྱས་ལ་དོ་ཁུར་དང་ཡིད་སྨོན་བྱེད་ཀྱི་ཡོད། མེ་ལི་ཨའེ་ཐེབས་རྩ་ལྷན་ཚོགས་ཀྱིས་ཧྥ་ཀྲུང་མཛའ་གྲོགས་དང་འཕྲོད་བསྟེན་བདེ་ཐང་གི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།