འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་10ཉིན།

༄༅།།དུས་ཚིགས་དང་པོར་མཚོ་སྔོན་གོར་མོར་ལས་ཞུགས་བརྟན་པོ་ཐུབ་ནས་འགོ་ཚུགས་བཀྲ་ཤིས་བྱུང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་10ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོའི་དུས་ཚིགས་དང་པོར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་གྱིས“མཚོ་སྔོན་གྱི་eལས་ཞུགས”དང“མཚོ་ནུབ་ཏུ་ལས་ཞུགས་བྱེད”ཅེས་པའི་ཁྱད་ལྡན་སྤུས་རྟགས་གཏོད་རྒྱུ་ཁྲིད་སྟོན་དུ་བྱས་པ་དང་། དྲ་ཐོག་དང་དྲ་ཕྱིའི་ལས་སྟེགས་སྐྲུན་པ་དང་། རྩལ་ནུས་གསོ་སྦྱོང་བྱེད་པ། སྲིད་ཇུས་ཀྱི་ཁེ་སྤོགས་སྤྲོད་པ་བཅས་ལས། ལས་ཞུགས་ཞབས་ཞུ་མུ་མཐུད་ལེགས་སུ་ཕྱིན་ཏེ་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་2120གསར་དུ་ལས་ཞུགས་ཐུབ་ནས་དུས་ཚིགས་དང་པོར་འགོ་ཚུགས་བཀྲ་ཤིས་བྱུང་བ་རེད།