འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་10ཉིན།

༄༅།།བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་བཅོལ་ཁང་རྒྱལ་ཁབ་རིམ་པའི་གསར་གཏོད་ཀྱི་དཔེ་མཚོན་ནང་ཚུད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་10ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། སློབ་གསོ་པུའི་རྨང་གཞིའི་སློབ་གསོ་སིས་2023ལོའི་རྨང་གཞིའི་སློབ་གསོའི་ཁྱབ་ཁོངས་ཀྱི་ལག་ལེན་གསར་གཏོད་ཀྱི་དཔེ་མཚོན་ཁྱབ་བསྒྲགས་བྱས་པ་རེད། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་བཅོལ་ཁང་གི《“རིམ་བཞིའི”ཞིབ་འཇུག་བྱ་གཞི་ཁྲིད་སྟོན་དུ་བྱས་ནས་བྱིས་གསོའི་སློབ་གསོའི“འཚོ་བཅུད་ཞིང་ས”ལེགས་པར་རྨོ》ཞེས་པ“རྨང་གཞིའི་སློབ་གསོ་ལེགས་གཏོང་དང་སྤུས་ཚད་མཐོར་གཏོང་བྱ་སྤྱོད”ཀྱི་དཔེ་མཚོན་ནང་ཚུད་ཡོད་པ་རེད།
   དུས་ཡུན་རིང་པོའི་ནང་། བྲག་ཡིབ་ཆུས་བུ་བཅོལ་ཁང་གིས་ཚན་ཞིབ་ཀྱི་སྟོན་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས། སློབ་ཁྲིད་བྱེད་སྒོ་སྣ་ཚོགས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ་དགེ་རྒན་གྱི་དཔུང་ཁག་ཞིབ་འཇུག་རྣམ་པའི་སློབ་གསོའི་ལས་དོན་པར་བསྒྱུར་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། དེ་དང་ཆབས་ཅིག་ཆ་སྒྲིག་མཉམ་སྐྲུན་བྱེད་སྒོ་ཧུར་ཐག་སྤེལ་ནས་ཉམས་མྱོང་ཕུན་སུམ་ཚོགས་པ་དང་ལས་སྒོའི་འཇོན་ཐང་ཆེ་བའི་རྐང་འཛིན་དགེ་རྒན་གྲོང་གསེབ་ཀྱི་བུ་བཅོལ་ཁང་དུ་རོགས་སྐྱོར་སྤེལ་རེས་གཏིང་ཟབ་བྱེད་པར་མངགས་པ་རེད།
    བཟའ་བཅའི་དོ་དམ་གྱི་འགག་རྩའི་ཁྱབ་ཁོངས་འདིར། བྲག་ཡིབ་ཆུས་བུ་བཅོལ་ཁང་གིས་ཟས་ཐོའི་ལམ་ལུགས་ཞིབ་ཚགས་ཅན་སྔོན་ལ་ཁྱབ་གདལ་བཏང་སྟེ་ཚན་རིག་དང་མཐུན་ལ་ལུགས་དང་ཡང་མཐུན་པའི་བཟའ་བཅའ་བཀོད་སྒྲིག་བྱས་ནས་བྱིས་པ་ཚོར་ཕྱོགས་ཡོངས་ནས་འཚོ་བཅུད་དོ་སྙོམས་ཡོང་བར་བྱས་པ་རེད།