འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་9ཉིན།

༄༅།།སློབ་མ་བསད་པའི་དོན་རྐྱེན་སྐོར་བརྡ་ཁྱབ་བཏང་དོན། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་09ཉིན། 15:56】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     2024ལོའི་ཟླ་3ཚེས་10ཉིན། ཧོ་པེ་ཞིང་ཆེན་ཧན་ཏན་གྲོང་ཁྱེར་ཧྥེ་ཞང་ཆུས་དམའ་འབྲིང་དང་པོའི་སློབ་མ་ཝང་ཆེ་གེ་མོ་བསད་འདུག  ཟླ་3ཚེས་11ཉིན་གྱོད་གཞི་དང་འབྲེལ་བ་ཡོད་པའི་ཀྲང་ཆེ་གེ་མོ་དང་ལི་ཆེ་གེ་མོ། མཱ་ཆེ་གེ་མོ་བཅས་ལོ་ན་མ་སོན་པའི་ཉེས་གསོག་དོགས་ཅན་3པོ་སྤྱི་བདེ་ལས་ཁུངས་ཀྱིས་བཟུང་བ་རེད། ཞིབ་དཔྱོད་ལས་ཁུངས་ཀྱིས་མཐོང་ཧ་ཅང་ཆེན་པོར་བྱས་ནས། སྔ་བསྣུར་དུ་སྤྱི་བདེ་ལས་ཁུངས་ཀྱི་མྱུལ་ཞིབ་བྱེད་སྒོར་ཁྲིམས་མཐུན་ལྟར་ཞུགས་ཡོད། ཟླ་3པའི་ཚེས་21ཉིན། བསམ་བཞིན་དུ་མི་བསད་པའི་བྱས་ཉེས་བསགས་པའི་ཀྲང་ཆེ་གེ་མོ་དང་། ལི་ཆེ་གེ་མོ། མཱ་ཆེ་གེ་མོ་བཅས་ཧན་ཏན་གྲོང་ཁྱེར་ཧྥེ་ཞང་ཆུས་སྤྱི་བདེ་ཅུས་ཀྱིས་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་སྦྱོར་བདའ་འདེད་གཏོང་རྒྱུའི་ཞིབ་བཤེར་དང་ཆོག་མཆན་གནང་རེ་བཏོན་པ་རེད། 
     ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་ནས་ངོས་འཛིན་བྱས་དོན། ཀྲང་ཆེ་གེ་མོ་དང་ལི་ཆེ་གེ་མོ། མཱ་ཆེ་གེ་མོ་བཅས་3པོ་ནག་ཉེས་གསོག་སྐབས་ལོ་བཅུ་གཉིས་ཡན་སོན་ཞིང་བཅུ་བཞི་ལོན་མེད། བསམ་བཞིན་དུ་ཝང་ཆེ་གེ་མོ་བསད་པ་དང་། ཉེས་ཚབས་ཆེ་བས་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་》ཀྱི་དོན་ཚན་17པའི་ནང་གསེས་དོན་ཚན་3པའི་གཏན་འབེབས་ལྟར་ན། ཧོ་པེ་ཞིང་ཆེན་གྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རིམ་པ་བཞིན་དུ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ལ་ཀྲང་ཆེ་གེ་མོ་དང་ལི་ཆེ་གེ་མོ། མཱ་ཆེ་གེ་མོ་བཅས་ཁྲིམས་སྦྱོར་བདའ་འདེད་གཏོང་རྒྱུའི་ཞིབ་བཤེར་དང་ཆོག་མཆན་གནང་རེ་ཞུས་པ་རེད།
     ཉེ་ཆར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཀྲང་ཆེ་གེ་མོ་དང་ལི་ཆེ་གེ་མོ། དེ་བཞིན་མཱ་ཆེ་གེ་མོ་བཅས་ཁྲིམས་ལྟར་ཞིབ་བཤེར་བདའ་འདེད་གཏོང་རྒྱུའི་ཐག་བཅད་པ་རེད།
     ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་གྱོད་དོན་ཞིབ་གཅོད་ནན་པོར་བྱས་པ་དང་ཆབས་ཅིག བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་ཏན་ཏིག་བསྒྲུབས་ནས། ལོ་ན་མ་སོན་པའི་སྐྱེས་པའི་ཉེས་གསོག་སྔོན་འགོག་དང་བཅོས་སྐྱོང་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་རྒྱུ་རེད།