འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་9ཉིན།

༄༅།།ཧུའུ་ནན་གྱིས་ལེགས་ལྡན་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་09ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། ཝུའུ་ཆི་ཆང་དང་། ཡན་ཁེ། ཧྲེན་ཀྲི་ལིན།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2020ལོའི་ཟླ་9པར་ཧུའུ་ནན་དུ་རྟོག་ཞིབ་གནང་སྐབས“ཐོན་ལས་གྲུབ་ཆ་ལེགས་སྒྲིག་རིམ་སྤོར་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། ལེགས་ལྡན་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ། ཐོན་ལས་ཀྱི་རྨང་གཞི་བརྟན་དུ་ཤུགས་ཆེན་གཏོང་བ། ཐོན་ལས་འཁོར་འབྲེལ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
     འདི་ལོའི་ཟླ་བ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་སྐབས། “ལེགས་ལྡན་ཐོན་ལས་ལ་དམིགས་ནས་ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་དང་ལག་རྩལ་སྒྲིག་ཆས་གལ་ཆེན་གྱི་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ་དང་། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་མུ་མཐུད་རྒྱ་སྟོབས་ཆེ་རུ་གཏོང་བ། ཐོན་ལས་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་རིམ་པའི་ཐོན་ལས་ཚོགས་པ་གཏོད་དགོས”ཞེས་གསུངས་ཡོད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཧུའུ་ནན་གྱིས་བཟོ་ལས་ཅན་གསར་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་ཤུགས་རྒྱག་ས་གཙོ་བོར་བྱེད་པ། ཐོན་ལས་ཀྱི་འཕར་གཞི་གསར་པ་གསར་གཏོད་སྐུལ་སྤེལ་དང་སྔོག་འདོན་བྱེད་པ། འཁོར་འབྲེལ་ལ་ཤུགས་སྣོན་རྒྱག་པ་དང་ཁ་གསབ་བྱས་ནས་སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་ཀྱི་ཐོན་ལས་ཚོགས་པ་སྟོབས་ཆེར་གཏོང་བ། གྲངས་འཛིན་ནུས་སྤྲོད་ཀྱིས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་སྐྱེད་སྲིང་བཅས་བྱས་ཏེ་ལེགས་ལྡན་ཐོན་ལས་འཕེལ་རྒྱས་གང་མགྱོགས་བཏང་ཡོད།
     རང་རྟེན་གསར་གཏོད་ནི་ཧུའུ་ནན་གྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་འགག་རྩའི་ལྷུ་ཚིགས་ཤིག་རེད། གཞི་ཁྱོན་ཡན་གྱི་བཟོ་ལས་དང་ཁེ་ལས་ཀྱི་གསར་གཏོད་ཞིབ་འཇུག་གསར་སྤེལ་བྱེད་སྒོ་ཁྱོན་ཡོངས་ལ་ཁྱབ་པར་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས། ཧུའུ་ནན་གྱིས་ཐོན་ལས་འཁོར་འབྲེལ་གྱི་ཁྱབ་ཚུལ་ལ་དམིགས་ཏེ་འཁོར་འབྲེལ་གསར་པ་གཏོད་པ་དང་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གནས་བབ་མཐོ་རུ་བཏང་བས། 2023ལོར་གཞི་ཁྱོན་ཡན་གྱི་བཟོ་ལས་དང་ཁེ་ལས་ཀྱི“ཡོད་པ་དྲུག”(མི་སྣ་ཡོད་པ་དང་། གཏོང་ཆ་ཡོད་པ། སྒྲིག་ཆས་ཡོད་པ། རྣམ་གྲངས་ཡོད་པ། ས་ཆ་ཡོད་པ། ལམ་ལུགས་ཡོད་པ)ཞིབ་འཇུག་གསར་སྤེལ་སྒྲིག་གཞི་སྟོང་ལ་ཉེ་བ་མང་དུ་ཕྱིན་པ་དང་། “རྒྱལ་ཁབ་རིམ་པ་1དང་ཞིང་ཆེན་རིམ་པ་11”གི་བཟོ་སྐྲུན་ལས་རིགས་གསར་གཏོད་ལྟེ་གནས་དང“རྒྱལ་ཁབ་རིམ་པ་76དང་ཞིང་ཆེན་རིམ་པ་1392”ཀྱི་ཁེ་ལས་ལག་རྩལ་ལྟེ་གནས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་གསར་གཏོད་མ་ལག་བཏོད་ཐུབ་ཡོད།
     འཁོར་འབྲེལ་ལ་ཤུགས་སྣོན་རྒྱག་པ་དང་ཁ་གསབ་བྱས་ནས་ལེགས་ཆའི་ཐོན་ལས་ཀྱི་ཚོགས་པ་སྟོབས་ཆེར་བཏང་ཞིང་། ཧུའུ་ནན་གྱིས་གློག་སྐྱེལ་གློག་སྒྱུར་གྱི་ཐོན་ལས་ཚོགས་པའི་ཁེ་ལས་749སྐྱེད་སྲིང་བྱས་པར་2023ལོར་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་2045བྱུང་བ་དང་། ཐོན་རྫས་མང་པོའི་ལག་རྩལ་གྱི་ཆུ་ཚད་དང་ཁྲོམ་ར་བཟུང་ཚད་རྒྱལ་སྤྱིའི་མདུན་གྲལ་དུ་སླེབས་ཡོད། ཧུའུ་ནན་ཞིང་ཆེན་གྱི་གློག་སྐྱེལ་གློག་སྒྱུར་ཐོན་ལས་ཚོགས་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བའི་སྐུལ་འདེད་སྒྲིག་གཞི་ཡིན་པའི་ཤང་ཡན་གློག་སྐྱེལ་གློག་སྒྱུར་ཐོན་ལས་ཞབས་ཞུ་ལྟེ་གནས་ཀྱིས་ཐོན་ལས་ཚོགས་པ་འཕེལ་རྒྱས་ཀྱི་གནས་ཚུལ་མཐིལ་རྟོགས་དང་འཕེལ་རྒྱས་ཀྱི་ཐབས་ལམ་ཁ་གསལ་བཟོས་ནས། མིག་སྔའི་ཚོང་འགུགས་ཀྱི་གཙོ་གནད་དེ་ཟངས་སྐུད་རྩེ་གྲ་ཐོན་སྐྱེད་སོགས་ཀྱི་ཁེ་ལས་རིགས་4ནང་འདྲེན་བྱེད་པའི་ཐད་བཞག་ཡོད། “ང་ཚོས་ཟངས་སྐུད་རྩེ་གྲ་དང་དེའི་རྒྱུ་ཆ་གློག་འབྱེད་ཟངས་ཀྱི་ཁྱབ་ཚུལ་ལ་དམ་པོར་དམིགས་ནས་གནད་སྨིན་ཤུགས་འདོན་བྱས་པས་འདི་ལོ་འགོག་རྐྱེན་སེལ་བ་དང་ཞན་ཆ་སེལ་ཐུབ་རེ་ཡོད”ཅེས་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བ་ཡན་ཧྭ་ཧེང་གིས་བཤད།
     ལེགས་ལྡན་ཐོན་ལས་ཚོགས་པ་ཇི་ལྟར་བྱས་ནས་སྟོབས་ཆེར་གཏོང་དགོས་སམ་ཞེ་ན། ཧུའུ་ནན་གྱིས་ལས་གྲྭའི་འཕྲུལ་ཆས་དང་ལྕགས་ལམ་འགྲིམ་འགྲུལ་སོགས་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཚོགས་པར་དམིགས་ཏེ་ཚོགས་པ་ཁུལ་ཧྲིལ་པོའི་དྲ་རྒྱའི་རི་མོ་བཟོ་བ་དང་། ཁེ་ལས་ཀྱི་མཛོད་དང་ཚོང་འགུགས་ཀྱི་རྩིས་ཐོ་སོགས་ནང་འདྲེན་བྱེད་རྩིས་བྱས་ནས་འཁོར་འབྲེལ་ལ་ཤུགས་སྣོན་རྒྱག་པ་དང་ཁ་གསབ་བྱས་ནས་ཚོགས་པ་འཕེལ་རྒྱས་གཏོང་བའི“ཐབས་ལམ་ས་བཀྲ”འགོད་རྒྱུ་དེ་རེད། མིག་སྔར་ཧུའུ་ནན་གྱིས་ལས་གྲྭའི་འཕྲུལ་ཆས་སོགས་རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཚོགས་པ་4རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་འཛམ་གླིང་རིམ་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཚོགས་པར་གཏོད་བཞིན་ཡོད། དེ་དང་ཆབས་ཅིག་སྔོན་ཐོན་གྱི་ནུས་རྒྱུའི་རྒྱུ་ཆ་སོགས་ཐོན་ལས་ཚོགས་པ་ཆེ་གྲས་དྲུག་རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཚོགས་པར་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་སྐས་རིམ་ཅན་དང་རིམ་པ་དབྱེ་ནས་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཚོགས་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བཞིན་ཡོད།
     རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་གསར་སྒྱུར་གྱི་རྒྱབ་ལྗོངས་འོག སྲོལ་རྒྱུན་གྱི་བཟོ་སྐྲུན་ལས་རིགས་ཀྱིས་ཇི་ལྟར་བྱས་ནས་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་སྐྱེད་སྲིང་བྱེད་དགོས་སམ་ཞེ་ན། ཧུའུ་ནན་གྱིས“རིག་ནུས་ཁེ་ལས་ཁྲིར་ཁྱབ་པའི”བྱ་སྤྱོད་ཇུས་གཞི་བཏོན་ནས་གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་སྟེ་སྔོན་ཐོན་བཟོ་སྐྲུན་ལས་རིགས་གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་ཆུ་ཚད་གང་མགྱོགས་མཐོ་རུ་བཏང་ཡོད། 2023ལོར་ཧུའུ་ནན་ཞིང་ཆེན་གྱི་བཟོ་ལས་དྲ་སྦྲེལ་གྱི་ལས་སྟེགས་གཙོ་བོས་བཟོ་ལས་སྒྲིག་ཆས་ཆ་ཚང་ཁྲི་955ལྷག་ཙམ་དང་སྦྲེལ་མཐུད་བྱས་པ་དང་། ཁེ་ལས་ཁྲི་13.3དྲ་ཐོག་ཏུ་ཞུགས་པ་དང་ཁེ་ལས་ཁྲི་1.3ལས་སྟེགས་སུ་ཞུགས་པ། གྲངས་འཛིན་དཔལ་འབྱོར་གྱི་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1.7ལྷག་ཙམ་ཟིན་ཏེ་15%འཕར་ཡོད།
     བསྡོམས་རྩིས་གྲངས་གཞི་ལས་མངོན་པར་གཞིགས་ན། ཧུའུ་ནན་གྱིས་རིམ་རྩིས་བརྒྱབ་ན་བཟོ་སྐྲུན་ལས་རིགས་ཀྱི་རྣམ་གྲངས་རྐྱང་པའི་ཨང་དང་པོ་ལེན་པའི་དཔེ་སྟོན་ཁེ་ལས་དང་ཐོན་རྫས་ཁེ་ལས་48ཡོད། 2023ལོར་ཧུའུ་ནན་ཞིང་ཆེན་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་5.1%འཕར་བ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་0.5ཡིས་མཐོ་བ་ཡོད་པ་དང་། ལེགས་ཆའི་ཐོན་ལས་མངོན་གསལ་དོད་པོས་མགྱོགས་མྱུར་མང་དུ་ཕྱིན་ནས་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་8.9%འཕར་ཡོད། འདི་ལོའི་ཟླ་བ་དང་པོ་དང་གཉིས་པར་ཧུའུ་ནན་ཞིང་ཆེན་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་7%འཕར་བ་དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.2ཀྱིས་མཐོ་བ་ཡོད་པ་དང་། གཞི་ཁྱོན་ཡན་གྱི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་9.5%འཕར་ཡོད།
     (རིག་རྡོར་གྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)