འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་9ཉིན།

༄༅།།ཟླ་བ་དང་པོ་དང་གཉིས་པར་གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་26.9%འཕར་བ།

——ཡང་བའི་བཟོ་ལས་ཀྱི་དཔལ་འབྱོར་འཁོར་རྒྱུག་མུ་མཐུད་ལེགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་09ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་ཡང་བའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟླ་བ་དང་པོ་དང་གཉིས་པའི་རང་རྒྱལ་གྱི་ཡང་བའི་བཟོ་ལས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། གཞི་ཆེའི་སྡེབ་སྒྲིག་སྲིད་ཇུས་ཀྱི་ཕན་འབྲས་རྒྱུན་མཐུད་ངང་ཐོན་པ་དང་ཆབས་ཅིག འཛད་རྫས་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་ཕྱིན་ནས་ཡང་བའི་བཟོ་ལས་ཀྱི་དཔལ་འབྱོར་འཁོར་རྒྱུག་མུ་མཐུད་ལེགས་སུ་ཕྱིན་པར་སྐུལ་ཁྲིད་ཐུབ་ཡོད། ཟླ་བ་དང་པོ་དང་གཉིས་པར་གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཁེ་ལས་ཁྲི་13.38ཡན་ཟིན་པ་དང་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་3.26ཟིན་པ་དེ་དུས་མཚུངས་ལས་4.1%འཕར་བ་དང་། ཁེ་སྤོགས་སྒོར་དུང་ཕྱུར་1973.8ཟིན་པ་དེ་དུས་མཚུངས་ལས་26.9%འཕར་ཡོད་པ་རེད།
     ཐོན་སྐྱེད་ཅུང་མགྱོགས་པོ་འཕར་ཞིང་། ཟླ་བ་དང་པོ་དང་གཉིས་པར་གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་6.7%འཕར་བ་དང་། འཕར་ཚད་ན་ནིང་གི་ལོ་མཇུག་ལས་བརྒྱ་ཆའི་གྲངས་4.9མཐོ་རུ་ཕྱིན་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་བསྡོམས་རྩིས་བརྒྱབ་པའི་ཡང་བའི་བཟོ་ལས་ཀྱི་ཐོན་རྫས་གཙོ་བོ་རིགས་91ནང་ཐོན་རྫས་རིགས་75འཕར་ནས་འཕར་ཚད་82.4%ཟིན་ཡོད། དེའི་ནང་ཤོག་བཟོ་དང་། སྤོས་འགྱིག་ཐོན་རྫས། ཁྱིམ་སྤྱོད་གློག་ཆས། ཁྱིམ་ཆས་སོགས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་འཕར་ཚད་10%ཡན་ཟིན་ཡོད།
     ཁེ་སྤོགས་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཞིང་། ཟླ་བ་དང་པོ་དང་གཉིས་པར་གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་ཀྱི་ཁེ་སྤོགས་ཐོབ་ཚད་6.1%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.1འཕར་བ་དང་། དེ་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་བརྒྱ་ཆའི་གྲངས་1.4ལས་མཐོ་བ་དང་བཟོ་སྐྲུན་ལས་རིགས་ཀྱི་བརྒྱ་ཆའི་གྲངས་2.4ལས་མཐོ་བ་ཡོད་པ་རེད། 
     ཁྲོམ་ར་བརྟན་པོའི་ངང་འཕེལ་རྒྱས་བྱུང་ཞིང་། ཟླ་བ་དང་པོ་དང་གཉིས་པར་ཡང་བའི་བཟོ་ལས་ཀྱི་ཚོང་ཟོག་རིགས་11གི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་1.3ཉེ་བ་ཟིན་པ་དེས་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་དངུལ་འབོར་གྱི་15.9%བཟུང་བ་དེ་དུས་མཚུངས་ལས་5.2%འཕར་ཡོད། 
     ཟླ་བ་དང་པོ་དང་གཉིས་པར་གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཁེ་ལས་ཀྱི་ཕྱིར་གཏོང་ཚོང་ཟོག་རྩིས་སྤྲོད་ཀྱི་རིན་ཐང་3.5%འཕར་ཡོད་པ་རེད། ཤོག་བཟོ་དང་། ཁྱིམ་སྤྱོད་གློག་ཆས། གློག་སྒྲོན། སྤོས་འགྱིག ཁྱིམ་ཆས། རྩེད་ཆས་སོགས་ལས་རིགས་ཀྱི་ཕྱིར་གཏོང་ཚོང་ཟོག་རྩིས་སྤྲོད་ཀྱི་རིན་ཐང་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།
     ཡང་བའི་བཟོ་ལས་ཀྱི་ལས་རིགས་ཡོངས་ཀྱི་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར་1444.7ཟིན་པ་དང་ཕྱིར་གཏོང་གྲངས་འབོར་17.4%འཕར་ཡོད། ཡང་བའི་བཟོ་ལས་ཀྱི་ལས་རིགས་ཆེ་གྲས་21ཁྲོད་ལས་རིགས་17གྱི་ཕྱིར་གཏོང་གྲངས་འབོར་དུས་མཚུངས་ལས་འཕར་བའི་ནང་ལས་རིགས་15ཡི་ཕྱིར་གཏོང་འཕར་ཚད་10%ཡན་ཟིན་ཡོད་པ་རེད།
     (པ་ཕན་གྱིས་བསྒྱུར། ལྷག་ཚེས་ཞུས)