འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་9ཉིན།

༄༅།།མཚོ་སྔོན་གྱི་ས་ཆ་འདི་ནས་གསེར་གྱི་གཏེར་ཁ་ཆེན་པོ་རྙེད་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་09ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཚོ་སྔོན་གྱི་ས་ཆ་འདི་ནས་གསེར་གྱི་གཏེར་ཁ་ཆེན་པོ་རྙེད་འདུག
   མཚོ་སྔོན་ཚྭ་འདམ་གཤོངས་ས་ནས་གསེར་གཏེར་ཆེ་གྲས་ཤིག་རྙེད་པ་དང་། དེས་མངོན་མེད་ཀྱི་དཔལ་འབྱོར་རིན་ཐང་སྒོར་དུང་ཕྱུར་200ལྷག་ཙམ་ཟིན་པ་བསྐྲུན་ཐུབ།
   2021ལོ་ནས་བཟུང་། ང་ཚོས་མཚོ་སྔོན་ཞིང་ཆེན་ཚྭ་འདམ་གཤོངས་སའི་ལྷོ་བྱང་མཐའི་ཐན་ཅན་ཧྲན་གསེར་གཏེར་དང་ཝུའུ་ལུང་ལུང་པའི་གསེར་གཏེར་ནས་གཏེར་འཚོལ་བའི་ཐད་ཚད་བརྒལ་ཆེན་པོ་བྱུང་ནས། གསེར་གྱི་ཐོན་ཁུངས་ཏུན་43.2གསར་དུ་བསྣན་པ་དང་། དཔལ་འབྱོར་གྱི་རིན་ཐང་སྒོར་དུང་ཕྱུར་200ལྷག་ཙམ་བཏོད་ཡོད”ཅེས་ཟླ་4ཚེས་7ཉིན་མཚོ་སྔོན་ཞིང་ཆེན་ཚྭ་འདམ་གཤོངས་སའི་ལྷོ་བྱང་མཐའ་ཡི་གསེར་གཏེར་ཆེ་གྲས་དང་ཆེས་ཆེ་གྲས་གྱི་གཏིང་གི་ཐོན་ཁུངས་སྔོན་དཔག་ཞིབ་འཇུག་ལས་གཞིའི་འགན་འཁུར་བ་ཝང་པིན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད།
   ཀྲུང་གོའི“ནོར་གྱི་གཞོང་བ”རུ་འབོད་སྲོལ་ཡོད་པའི་ཚྭ་འདམ་གཤོངས་ས་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ཡོད་ཅིང་། རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་25.65ཡོད་པ་དང་། དེ་ནི་ཀྲུང་གོའི་ནུས་རྒྱུ་དང་གཏེར་རྫས་ཐོན་ཁུངས་འབེལ་བའི་ཁུལ་གལ་ཆེན་གྱི་གྲས་ཤིག་རེད། དེའི་ནང་ཚྭ་འདམ་གཤོངས་སའི་བྱང་མཐའི་ཐན་ཅན་ཧྲན་གསེར་གཏེར་དང་། ལྷོ་མཐའི་ཝུའུ་ལུང་ལུང་པའི་གསེར་གཏེར་ནི་མཚོ་སྔོན་ཞིང་ཆེན་གྱི་ཚ་འདམ་བྱང་མཐའི་གཏེར་ཁ་ཆགས་ཁུལ་དང་། ཤར་ཁུ་ནུའི་གཏེར་ཁ་ཆགས་ཁུལ་གྱི་མཚོན་བྱེད་རང་བཞིན་གྱི་གསེར་གཏེར་གཏེར་ཁ་ཆེ་གྲས་ཤིག་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱིས“ཚན་ཞིབ་དང་། རྩད་ཞིབ། གསར་སྤེལ”བཅས་གཞི་གཅིག་ཅན་གྱི་དཔེ་སྟོན་གཏེར་ཁ་ཞིག་ཀྱང་རེད།
   《ཀྲུང་གོའི་གཏེར་རྫས་ས་གཤིས་ལོ་རྒྱུས·མཚོ་སྔོན་གྱི་ལེའུ·ཁྱབ་གདལ་དེབ》ནང་2017ལོའི་ལོ་མཇུག་བར། མཚོ་སྔོན་ཞིང་ཆེན་དུ་གསེར་གྱི་ཐོན་ཁུངས་གསོག་ཚད་ཏུན་481.66ཟིན་པ་དང་། ཐོན་ཁུངས་གསོག་ཚད་ཏུན་347.17ཟིན་ཡོད། མིག་སྔའི་བར། མཚོ་སྔོན་ཞིང་ཆེན་དུ་གསེར་གཏེར་ཐོན་ཁུལ་346ཡོད་པ་དང་། གསེར་གཏེར་ཆེ་ཤོས་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གི་ཏ་ཁྲང་གསེར་གཏེར་ཡིན་པ་དང་། དེར་གསེར་གྱི་ཐོན་ཁུངས་ཏུན་108.63ཡོད་པ་རེད།
༄༅།།མཚོ་སྔོན་གྱི་ས་ཆ་འདི་ནས་གསེར་གྱི་གཏེར་ཁ་ཆེན་པོ་རྙེད་འདུག