འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་9ཉིན།

༄༅།།པར་ལེན་འབྲོག་པའི་པར་མིག་ནང་གི་མཛེས་སྡུག་ལྡན་པའི་མཚོ་སྔོན་པོ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་09ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།པར་ལེན་འབྲོག་པའི་པར་མིག་ནང་གི་མཛེས་སྡུག་ལྡན་པའི་མཚོ་སྔོན་པོ།
   མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་རྡོ་རྗེ་ནི་ད་ལོ་རང་ལོ་30ཡོལ་ཙམ་ལ་སླེབས་པ་དང་། ཆུང་དུས་ནས་མཚོ་སྔོན་པོའི་འགྲམ་གྱི་རྩྭ་ཐང་ཐོག་ཕྱུགས་འཚོ་གི་ཡོད། ཕ་ཡུལ་གྱི་འབྲོག་ལས་ཐོན་རྫས་སྔར་བས་དྲིལ་བསྒྲགས་ཡག་པོར་བྱེད་ཆེད། རྡོ་རྗེས་ནོར་ལུག་སྐྱས་སྤོའི་གནས་ཚུལ་ཆ་ཚང་པར་ལེན་ཐོ་འགོད་བྱེད་པའི་བརྒྱུད་རིམ་ལ་བསམ་བློ་བཏང་ནས་བརྙན་ལམ་དང་འདྲ་པར་བརྒྱུད། སྣོད་བཅུད་འབྲོག་ལས་འཕེལ་རྒྱས་དང་ས་གནས་དེ་གའི་མཛེས་ལྗོངས་མངོན་པར་བྱས་ཡོད། ནོར་ལུག་སྐྱས་པོའི་པར་ལེན་བརྒྱུད་རིམ་ནང་རྡོ་རྗེ་པར་རྒྱག་རྒྱུར་སྤྲོ་བ་འཕེལ་ཏེ་ཆེད་ལས་པར་ཆས་ཉོས་ནས་ཁོམ་པ་བྱུང་མ་ཐག་པར་རྒྱག་པར་ཕྱིན། རྩྭ་ཐང་ཁྱོན་ཆེ་དང་། མཚེའུ་ཆེན་པོའི་འགྲམ་རྒྱུད། རི་མཐོའི་ནགས་ཚལ་སོགས་ཁོང་གིས་པར་ཆས་ལ་བརྟེན་ནས་མཚོ་སྔོན་པོའི་མཐའ་འཁོར་གྱི་མཛེས་སྡུག་ལྡན་པའི་རྣམ་པ་རེ་རེ་བཞིན་པར་དུ་བླངས་ཡོད།
【1】  【2】
༄༅།།པར་ལེན་འབྲོག་པའི་པར་མིག་ནང་གི་མཛེས་སྡུག་ལྡན་པའི་མཚོ་སྔོན་པོ།