འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་9ཉིན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཟླ་བ་དོན་གྲུབ་ཀྱིས་བརྗོད་དོན།

༄༅།།ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོར་བསྐྱོད་ནས་ལོ་ལེགས་ཡོང་བར་སེམས་རྩ་འཁོལ་པོས་ཞབས་
འདེགས་ཞུ་དགོས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་09ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཉེ་ཆར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཨུ་ཡོན་དང་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་དང་འབུམ་རམས་པ་ཟླ་བ་དོན་གྲུབ་ཀྱིས་ཞིང་འབྲོག་ཚན་རིག་ཁང་གི་ལས་ཐོག་ལས་བྱེད་པ་དང་ལས་བཟོར་རྒྱལ་ཡོངས་ཚོཊ་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་ནས། རང་ཉིད་རྒྱལ་ཡོངས་ཚོཊ་འདུ་གཉིས་ལ་ཞུགས་པའི་ཉམས་མྱོང་མཉམ་སྤྱོད་གནང་བ་དང་རང་ཉིད་ཀྱི་མཐོང་ཐོས་དང་བསམ་ཚུལ་ཡང་གསུངས་པ་རེད།
   “སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུཊ་རང་དར་ལ་སྐུལ་འདེད་མགྱོགས་མྱུར་གཏོང་དགོས་ཞེས་བཏོན་ཡོད”ཅེས་ཟླ་བ་དོན་གྲུབ་ཀྱིས་གསུངས་པ་དང་། ཁོང་གིས་ཚན་རྩལ་ཡར་ཐོན་གྱིས་བོད་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་ལེཊ་སྐྱེས་འབུལ་ཚད་བཅུ་ཆ་དྲུག་ཙམ་ཟིན་ནས། བོད་ཀྱི་འབྲུ་རིཊ་དང་འབྲོག་ལས་འབབ་འཕར་ཐོན་འཕར་ཡོང་བར་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད།
   དེང་རབས་ཅན་གྱི་ས་མཐོའི་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་གཏོང་བར་ཞིང་འབྲོག་ལས་ཀྱི་ཚན་རྩལ་ལ་འཕེལ་རྒྱས་ཀྱི་བར་མཐོངས་སྔར་བཞིན་ཆེན་པོ་ཡོད། འདི་ལོ་ང་ཚོ་ཞིང་ལས་སུའོ་ཡིས་སྔར་ཡོད་ཀྱི་རྨང་གཞིའི་ཐོག་རྨང་གཞིའི་ཞིབ་འཇུག་བཀོད་སྒྲིག་དང་རྟེན་གཞི་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཚན་ཞིབ་ཀྱི་གྲུབ་འབྲས་ལེགས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། བོད་ཀྱི་འབྲུ་རིགས་ཐོན་ཚད་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པའི་བརྩོན་ལེན་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
    ཟླ་བ་དོན་གྲུབ་ཀྱིས། ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་གཙོ་བོར་བྱས་པའི་བོད་ཀྱི་ཞིང་འབྲོག་ཚན་ཞིབ་པས་ཐོན་ལས་འཁོར་འབྲེལ་ཧྲིལ་པོར་བརྟེན་པའི་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་ཚན་རྩལ་འདེགས་སྐྱོར་མ་ལག་ནུས་ཤུགས་ཡོད་རྒུས་བསྐྲུན་ནས་ཚན་རྩལ་གྱི་གྲུབ་འབྲས་ཁག་གཅིག་དོན་འཁྱོལ་དང་ལེགས་སྒྱུར་བྱས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ཐོན་རྫས་འགན་ལེན་བྱེད་པར་ཚན་རྩལ་གྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད། 2023ལོར་བོད་ཀྱི་འབྲུ་རིགས་ཐོན་འབབ་ཏུན་ཁྲི་108.87ཟིན་པ་དང་། དེའི་ནང་ནས་ཏུན་ཁྲི་84.36ཟིན་ཞིང་ལོ་གོང་མ་ལས་ཏུན་ཁྲི་1.52དང་ཏུན་ཁྲི་1.13སོ་སོར་འཕར་ཡོད་ཅེས་གསུངས་པ་རེད།
   “ཚན་ཞིབ་དང་རིག་གཞུང་དོན་དངོས་དང་ཟུང་འབྲེལ་དང་གཞི་རིམ་ལ་ཁ་ཕྱོགས་ཚེ་གཞི་ནས་མང་ཚོགས་དང་འབྲེལ་འདྲིས་བྱེད་ཐུབ། ཞིང་ལས་ཚན་ཞིབ་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་སྐྱེ་ཁམས་ཞིང་ལས་ཀྱི་ཁྱད་ཆོས་ཆེ་ཤོས་ལྡན་པའི་ས་ཆར་མང་ཚོགས་ཀྱི་བསམ་ཚུལ་ཉན་པ་དང་ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ། འདེབས་འཛུགས་དང་གསོ་ཚགས་ཀྱི་དཀའ་གནད་བསལ་ནས་བོད་ཀྱི་ཞིང་འབྲོག་ལས་ལ་འབྲུ་རིགས་ཐོན་འབབ་བརྟན་པོ་དང་། འབྲོག་ལས་དར་རྒྱས། ཁྱད་ཆོས་མངོན་གསལ་དོད་པ་བཅས་ཡོང་ཆེད་རང་ཉིད་ཀྱི་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས”ཞེས་ཟླ་བ་དོན་གྲུབ་ཀྱིས་གསུངས་པ་རེད།