འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་9ཉིན།

༄༅།།མཚོ་སྔོན་གྱིས་2024ལོར་གློག་དྲ་སྦྲེལ་མཐུད་ལས་གྲྭའི་རྣམ་གྲངས་415ལག་ལེན་བསྟར་
ནས་མི་ཁྲི་52.9ལ་ཕན་པ་བསྐྲུན་རྩིས་ཡོད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་09ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་4ཚེས་1ཉིན་གསར་འགོད་པས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱས་པར། 2024ལོར། རྒྱལ་ཁབ་གློག་དྲ་གློག་ཤུགས་ཀུང་སིས་གྲོང་གསེབ་ཀྱི་གློག་ཤུགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས། ལོ་འཁོར་གྱི་གློག་དྲའི་སྒྱུར་བཀོད་རིམ་སྤོར་ལས་གྲྭར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ། ལོ་འདིའི་ནང་གློག་དྲ་སྦྲེལ་མཐུད་ལས་གྲྭ་415ལག་ལེན་བསྟར་ནས་ལོ་འཁོར་ལ་མ་དངུལ་སྒོར་དུང་ཕྱུར་10.3གཏོང་རྒྱུ་དང་། ཆན་ཕུའུ་10དང་དེ་མན་གྱི་སྐུད་ལམ་སྤྱི་ལེ་2535.08གསར་སྐྲུན་དང་སྒྱུར་བཀོད་བྱ་རྒྱུ། གློག་དྲ་965སྦྲེལ་མཐུད་བྱ་རྒྱུ། གློག་སྒྱུར་ཤོང་ཚད་ཆན་ཕུའུ་ཨན་ཁྲི་22.1ཟིན་པ་བྱ་རྒྱུ། དུད་ཚང་གི་གློག་གི་ཆུ་ཚོད་59511སྒྱུར་བཀོད་བྱ་རྒྱུ་བཅས་རེད། འཛུགས་སྐྲུན་ཁྱབ་ཁོངས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཀྲོའུ)8ཀྱི་རྫོང་38ལ་ཁྱབ་ནས་མི་ཁྲི་52.9ལ་ཕན་པ་ཐོབ་པར་བྱས་ཏེ། མཚོ་སྔོན་གྱི་ཞིང་འབྲོག་ཁུལ་གྱི་གློག་དྲའི་ཞན་ཆ་གང་མགྱོགས་གསབ་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་བྱ་རྒྱུ་རེད།
   སྔར་ནས་ད་བར། མཚོ་སྔོན་གྱིས་ཐོན་ལས་ཀྱི“ཁུལ་བཞིའི”འཛུགས་སྐྲུན་ལ་དམིགས་ཏེ་ཞིང་ཆེན་ཡོངས་ཀྱི་དེང་རབས་རིག་ལྡན་སྒྲིག་སྦྱོར་གློག་དྲ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། མིག་སྔར་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀྱིས་གློག་དྲ་འཆར་འགོད་སྒྱུར་བཀོད་ཀྱི“རྫོང་རེར་ཇུས་གཞི་རེ”བཟོ་བཞིན་ཡོད་པ་དང་། ཧེ་བག་ཡོད་པའི་སྒོ་ནས་འཛུགས་སྐྲུན་གྱི་སྒྱུར་བཀོད་དམིགས་ཚད་དང་རྩ་དོན་བཟོས་ཏེ་གློག་དྲའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་གང་ཐུབ་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་རྒྱུར་ཞབས་འདེགས་དེ་བས་ལེགས་པ་ཞུ་བ། འདེམས་གཏོང་ནུས་རྒྱུ་གསར་པ་དང་གློག་སྒུལ་རླངས་འཁོར་གྱི་གློག་སྡོང་སོགས་གཞི་རྒྱུ་གསར་པ་སྦྲེལ་མཐུད་ཐུབ་པར་བྱས་ནས་གློག་ཁུངས་དང་གློག་དྲ་ཐེག་གསོག་གློག་གསོག་བཅས་མཐུན་སྦྱོར་མཉམ་འགུལ་གྱི་དགོས་མཁོ་སོགས་ཀྱི་དམིགས་ཚད་ལ་འདེགས་སྐྱོར་བྱེད་བཞིན་ཡོད་པ་རེད།