༄༅།།ཀུའུ་ཐེ་ལེ་སི་དོན་འདིར་ཧང་སངས་ཡོད།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 04ཚེས་08ཉིན། 15:49】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་4ཚེས་6ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏི་ཡཱ་ལི་ཁེ་ཡིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི་ཉེ་ཆར་ཨེ་ཁྭ་ཏོར་གྱི་ཉེན་རྟོག་ཕྱོགས་ཨེ་ཁྭ་ཏོར་རུ་བཅའ་སྡོད་མོ་ཞི་ཁོ་ཡི་གཞུང་ཚབ་ཁང་དུ་བསྐྱོད་ནས། གཞུང་ཚབ་ཁང་དེ་རུ་འགེབས་སྲུང་འཚོལ་བའི་ཨེ་ཁྭ་ཏོར་གྱི་དེ་སྔའི་ཙུང་ཐུང་གཞོན་པ་འཛིན་བཟུང་བྱས་པའི་གནས་ཚུལ་ལ་ཧང་སངས་ཡོད་པ་བཤད།
ཀུའུ་ཐེ་ལེ་སིས་ཕྱི་འབྲེལ་སྒྲིག་གཞིར་སྲུང་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་ནན་བཤད་གནང་བ་རེད། ཁོང་གིས་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་ངེས་པར་དུ་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་དེ་ལ་བརྩི་འཇོག་བྱེད་དགོས་ཞེས་གསུངས་པ་རེད།
ཀུའུ་ཐེ་ལེ་སིས་ད་དུང་ཨེ་ཁྭ་ཏོར་དང་མོ་ཞི་ཁོ་ཡིས་ཞི་བའི་ལམ་ནས་ཕྱོགས་འགལ་དེ་ཐག་གཅོད་དགོས་པའི་སྐུལ་ལྕག་གནང་བ་རེད།