འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་8ཉིན།

༄༅།།འདི་དག་ཐད་ལ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་འགྲེལ་བཤད་བརྒྱབ་འདུག

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་08ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   གསར་འགོད་པས་ཟླ་4ཚེས་7ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་》ལག་བསྟར་ཡང་དག་དང་། བཅའ་ཁྲིམས་སྤྱད་འཐུས་གཅིག་གྱུར། བུད་མེད་དང་། སྐྱེ་བོ་ལོ་ན་མ་སོན་པ། རྒན་རྒོན། དབང་པོ་སྐྱོན་ཅན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོབ། གཉེན་སྒྲིག་ཁྱིམ་ཚང་ཞི་མཐུན་བརྟན་བརླིང་ཡོང་བར་སྲུང་སྐྱོང་། ཁྱིམ་ཚང་དང་ཁྱིམ་ཚང་སློབ་གསོ་ཁྱིམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་ལག་ལེན་དང་ཟུང་འབྲེལ་བྱས་ནས་《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་〉》གི་གཉེན་སྒྲིག་ཁྱིམ་ཚང་གི་ལེ་ཚན་སྤྱད་འཐུས་པའི་འགྲེལ་བཤད(གཉིས)(བསམ་འཆར་བསྡུ་ལེན་མ་ཡིག)》ཀྱི་འཆར་ཟིན་བཀོད། སྤྱི་ཚོགས་ལས་རིགས་ཁག་གི་བསམ་འཆར་རྒྱ་ཁྱབ་ཏུ་ཉན་འཇོག་དང་། མི་དམངས་མང་ཚོགས་ཀྱི་དོ་ཁུར་ལ་སྔར་ལས་ལེགས་པའི་ཨ་ལན་སློག་ཐུབ་ཆེད། ད་ལྟ་སྤྱི་ཚོགས་ཡོངས་ལ་ཡོངས་བསྒྲགས་སུ་བསམ་འཆར་བསྡུ་ལེན་བྱ་རྒྱུ་ཡིན། སྤྱི་ཚོགས་ལས་རིགས་ཁག་གིས་བསམ་འཆར་རྩ་ཆེན་འདོན་རྒྱུར་དགའ་བསུ་ཞུ་རྒྱུ་མ་ཟད། བསམ་འཆར་དང་གྲོས་འགོ་འདོན་སྐབས་ཞིབ་ཕྲའི་རྒྱུ་མཚན་གསལ་བཤད་གནང་རོགས། ཡིག་ཐོག་གི་བསམ་འཆར་དེ་པེ་ཅིང་གྲོང་ཁྱེར་ཤར་ཁུལ་ཏུང་ཅའོ་མིན་ཞང་ཨང་27པར་བསྐུར་ཆོག་པ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོའི་ཀྲང་ལིན་རུའོ་དང་སྦྲག་ཨང་100745ལ་བསྐུར་ཆོག  གློག་རྡུལ་སྦྲག་རྫས་གློག་རྡུལ་སྦྲག་སྒམ་zgfmytlawd 163.comལ་སྐུར་རོགས་གནང་། ད་ཐེངས་ཀྱི་བསམ་འཆར་བསྡུ་ལེན་དུས་ཡུན་ནི་2024ལོའི་ཟླ་4ཚེས་30ཉིན་བར་ཡིན།