འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་8ཉིན།

༄༅།།ཨུ་རུ་སུའི་འཕུར་གྲུར་བསྡད་པའི་འཇིག་རྟེན་འཕུར་སྐྱོད་པ་3ཕྱིར་ལོག་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་08ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཨུ་རུ་སུའི་“མནའ་འབྲེལ་MS-24”མི་བཞུགས་འཕུར་གྲུར་བསྡད་པའི་འཇིག་རྟེན་འཕུར་སྐྱོད་པ་3རྒྱལ་སྤྱིའི་བར་སྣང་ས་ཚིགས་ནས་སའི་གོ་ལར་ཕྱིར་ལོག་པ་དང་། ཚེས་6ཉིན། ཧ་སག་སི་ཐན་ས་ཁོངས་ཀྱི་རྩྭ་ཐང་ཐོག་བདེ་འཇགས་ངང་བབས། 
   ཨུ་རུ་སུའི་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཚོགས་པའི་ཆ་འཕྲིན་ལ་གཞིགས་ན། “མནའ་འབྲེལ་MS-24”མི་བཞུགས་འཕུར་གྲུས་ཨུ་རུ་སུའི་འཇིག་རྟེན་འཕུར་སྐྱོད་པ་ཨའོ་ལེ་ཀེ་·ནོ་ཝེ་ཚི་ཅི་དང་། བྷེ་ཨུ་རུ་སུའི་འཇིག་རྟེན་འཕུར་སྐྱོད་པ་མཱ་ལི་ནཱ་·ཧྭ་ཤིས་ལེ་ཕུའུ་སི་ཁ་ཡ། ཨ་རིའི་འཇིག་རྟེན་འཕུར་སྐྱོད་པ་ལའོ་ལ་·ཨའོ་ཧ་ལ་བཅས་བླུགས་ནས། ས་གནས་དེ་གའི་དུས་ཚོད་ཆུ་ཚོད་12དང་སྐར་མ་17(པེ་ཅིང་གི་དུས་ཚོད་ཆུ་ཚོད་15དང་སྐར་མ་17)ཐོག་ཧ་སག་སི་ཐན་དབུས་རྒྱུད་གྲོང་ཁྱེར་ཅེ་ཙི་ཁ་ཙེ་ཀན་གྱི་ཉེ་འགྲམ་གྱི་རྩྭ་ཐང་དུ་བབས། 
    ཨ་རིའི་རྒྱལ་ཁབ་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཨོ་ཧ་ལ་ན་ནིང་ཟླ་9ཚེས་15ཉིན་རྒྱལ་སྤྱིའི་བར་སྣང་ས་ཚིགས་སུ་འབྱོར་ནས། དེར་ཉིན་204བསྡད་ཡོད། 
   ནོ་ཝེ་ཚི་ཅི་དང་ཧྭ་ཞི་ལེ་ཕུའུ་སི་ཁ་ཡ་གཉིས་དང་ཨ་རིའི་འཇིག་རྟེན་འཕུར་སྐྱོད་པ་ཐེ་ལེ་ཤིས་·ཏའེ་སེན་ནི་ཟླ་3ཚེས་23ཉིན་“མནའ་འབྲེལ་MS-25”རྟགས་ཅན་གྱི་མི་ཞུགས་འཕུར་གྲུར་མཉམ་དུ་བསྡད་དེ། ཧ་སག་སི་ཐན་གྱི་ས་ཁོངས་ནང་གི་པའེ་ཁོ་ནུར་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱ་ཡུལ་ནས་མཁའ་དབྱིངས་སུ་འཕུར་ཏེ། ཚེས་25ཉིན་རྒྱལ་སྤྱིའི་བར་སྣང་ས་ཚིགས་ཀྱི་ཨུ་རུ་སུའི་གྲུ་ཁའི་“གྲུ་ཁ་”རྟགས་ཅན་དང་འབྲེལ་མཐུད་བྱས་པ་རེད།
   ཏེ་སེན་གྱིས་སྔོན་དཔག་བྱས་ན་ཟླ་9པར་ཨུ་རུ་སུའི་འཇིག་རྟེན་འཕུར་སྐྱོད་པ་ཨའོ་ལེ་ཀེ་·ཁོ་ནུའོ་ཉན་ཁ་དང་ཉི་ཀུའུ་ལ་·ཆིའུ་པུའུ་དང་མཉམ་དུ་“མནའ་འབྲེལ་MS-25འཕུར་གྲུར་བསྡད་དེ་ས་གོ་ལའི་ཐོག་ལོག་རྒྱུ་ཡིན་པ་རེད།