འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་8ཉིན།

༄༅།།ཟླ་དང་པོ་དང་གཉིས་པར་རྒྱལ་ཡོངས་སུ་གྲུ་གཟིངས་བཟོས་ཚད་དུས་མཚུངས་ལས་95.4%འཕར་བ།

——ཟླ་གཉིས་པའི་ཟླ་མཇུག་བར་ལག་ཡོད་མངགས་ཐོ་31.3%བར་འཕར་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་08ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་3ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོ་གྲུ་གཟིངས་བཟོ་ལས་ལས་རིགས་མཐུན་ཚོགས་ནས་ཤེས་རྟོགས་བྱས་པར། འདི་ལོའི་ཟླ་དང་པོ་དང་གཉིས་པར་རྒྱལ་ཡོངས་སུ་བཟོས་པའི་ཐེག་ཚད་ཏུན་ཁྲི་ཡི་གྲུ་གཟིངས་826ཟིན་པ་དེ་དུས་མཚུངས་ལས་95.4%འཕར་བའི་ནང་ཕྱིར་གཏོང་གྲུ་གཟིངས་ཀྱིས་བསྡོམས་འབོར་གྱི་92.5%བཟུང་བ་དང་། མངགས་ཐོ་གསར་པའི་ཐེག་ཚད་ཏུན་ཁྲི་ཡི་གྲུ་གཟིངས་1520ཟིན་ནས་དུས་མཚུངས་ལས་64.4%འཕར་བའི་ནང་ཕྱིར་གཏོང་གྲུ་གཟིངས་ཀྱིས་བསྡོམས་འབོར་གྱི་90.7%བཟུང་ཡོད། ཟླ་2པའི་ཟླ་མཇུག་བར། རང་རྒྱལ་གྱི་ལག་ཡོད་མངགས་ཐོའི་ཐེག་ཚད་ཏུན་ཁྲི་ཡི་གྲུ་གཟིངས་14919ཟིན་པ་དེ་དུས་མཚུངས་ལས་31.3%འཕར་བའི་ནང་ཕྱིར་གཏོང་གྲུ་གཟིངས་ཀྱིས་བསྡོམས་འབོར་གྱི་91.8%བཟུང་ཡོད། 
     (བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)