འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་8ཉིན།

༄༅།།ཟླ་དང་པོ་དང་གཉིས་པར་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་གསར་དུ་བཙུགས་ཚད་དུས་མཚུངས་ལས་34.9%འཕར་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་08ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ▲ ཟླ་དང་པོ་དང་གཉིས་པར་ལག་རྩལ་མཐོ་བའི་ཐོན་ལས་སུ་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་1865གསར་དུ་བཙུགས་པ་དེ་དུས་མཚུངས་ལས་32.2%འཕར་བ་དང་། ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་པ་སྒོར་དུང་ཕྱུར་714.4ཟིན་པ་དེས་རྒྱལ་ཡོངས་སུ་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱད་ཚད་བསྡུར་གྲངས་33.2%ཟིན་ནས་དེ་2023ལོའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.2ཀྱིས་མཐོ་བ་་ཡོད་པ་རེད། དེའི་ནང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱིས་དངོས་སུ་སྤྱད་པའི་ཕྱི་རྒྱལ་མ་དངུལ་སྒོར་དུང་ཕྱུར་282.7ཟིན་པ་དེ་དུས་མཚུངས་ལས་10.1%འཕར་ཡོད།
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཚོང་དོན་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་གསལ། འདི་ལོའི་ཟླ་དང་པོ་དང་གཉིས་པར་རྒྱལ་ཡོངས་སུ་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་7160གསར་དུ་བཙུགས་པ་དེ་དུས་མཚུངས་ལས་34.9%འཕར་ནས་ཉེ་བའི་ལོ་ལྔའི་ནང་གི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད། དེའི་ཐོག་ནས་རྒྱལ་སྒྲོལ་ཀུང་སིས་རང་རྒྱལ་གྱི་ཁྲོམ་རའི་འཕེལ་རྒྱས་གོ་སྐབས་ལ་ལྟ་སྟངས་ཡག་པོ་འཛིན་པ་དང་ཀྲུང་གོར་མུ་མཐུད་མ་འཇོག་བྱས་ཚུལ་མངོན་ཡོད་པ་རེད།
     གྲུབ་ཆའི་ཐད་ནས་བལྟས་ན། ཟླ་དང་པོ་དང་གཉིས་པར་ལག་རྩལ་མཐོ་བའི་ཐོན་ལས་སུ་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་1865གསར་དུ་བཙུགས་པ་དེ་དུས་མཚུངས་ལས་32.2%འཕར་བ་དང་། ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་པ་སྒོར་དུང་ཕྱུར་714.4ཟིན་པ་དེས་རྒྱལ་ཡོངས་སུ་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱད་ཚད་བསྡུར་གྲངས་33.2%ཟིན་ནས་དེ་2023ལོའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.2ཀྱིས་མཐོ་བ་་ཡོད་པ་རེད། དེའི་ནང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱིས་དངོས་སུ་སྤྱད་པའི་ཕྱི་རྒྱལ་མ་དངུལ་སྒོར་དུང་ཕྱུར་282.7ཟིན་པ་དེ་དུས་མཚུངས་ལས་10.1%འཕར་ཡོད།
     འབྱུང་ཁུངས་ཐད་ནས་བལྟས་ན། དར་རྒྱས་ཆེ་བའི་དཔལ་འབྱོར་དངོས་ཚན་ཁག་གཅིག་གིས་རང་རྒྱལ་ལ་མ་འཇོག་བྱས་ཚད་འཕར་མགྱོགས་ཙམ་ཡོད་ཅིང་། ཟླ་དང་པོ་དང་གཉིས་པར་ཧྥ་རན་སེ་དང་། སི་ཕེན། ཨོ་སི་ཁྲུ་ལི་ཡ། འཇར་མན་བཅས་ཀྱིས་ཀྲུང་གོར་དངོས་སུ་མ་འཇོག་བྱེད་ཚད་585.8%དང་། 399.3% 144.5% 19.8%བཅས་སོ་སོར་འཕར་ཡོད།
     སྤྱིའི་ཆ་ནས་བལྟས་ན། ཀྲུང་གོའི་དཔལ་འབྱོར་ཡུན་རིང་ཡར་འཕེལ་གྱི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མེད་པ་དང་། ཀྲུང་གོའི་ཁྲོམ་རའི་གཞི་ཁྱོན་ཧ་ཅང་ཆེ་བ་དང་། མཁོ་སྤྲོད་འཁོར་འབྲེལ་གྱི་ལེ་ལག་ཆ་ཚང་བ། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་བ། མི་ཤུགས་ཐོན་ཁུངས་ཕུན་སུམ་ཚོགས་པ་སོགས་ལས་གྲུབ་པའི་མ་རྩ་ནང་འདྲེན་གྱི་ཕྱོགས་བསྡུས་ལེགས་ཆ་སྔར་བཞིན་མངོན་གསལ་དོད་པོ་ཡོད་པ། དཔལ་འབྱོར་བརྟན་འཁྱོངས་དང་། སྒོ་དབྱེར་སྐུལ་འདེད། ཕྱི་ཕྱོགས་ཀྱི་མ་རྩ་ནང་འདྲེན་བཅས་ཀྱི་སྲིད་ཇུས་རབ་དང་རིམ་པའི་ཕན་འབྲས་མངོན་གསལ་དོད་པ་བཅས་ལས་ཕྱི་རྒྱལ་གྱིས་མ་དངུལ་འཇོག་རྒྱུར་དེ་བས་དགེ་མཚན་ལྡན་པའི་ཆ་རྐྱེན་གཏོད་རྒྱུ་རེད།
     (ལྷ་དབང་དང་མཚམས་གཅོད་ཀྱིས་སྒྱུར་ཞུས་བྱས)