འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་7ཉིན།

༄༅།།རྒྱང་ཤེལ་འདི་འཛམ་གླིང་ཡོངས་ལ་སྒོ་འབྱེད་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་07ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   གསར་འགོད་པས་ཀྲུང་གོ་གནམ་མིགFASTགཞུང་ཕྱོགས་དྲ་རྒྱ(fast.bao.ac.cn)ནས་ཤེས་རྟོགས་བྱས་པར་གཞིགས་ན།  ཞེང་ཚད་སྨི་500ཡོད་པའི་ཟླུམ་ངོས་གློག་རླབས་རྒྱང་ཤེལ(FAST)ལས་2024ལོའི་ཟླ་8ནས་2025ལོའི་ཟླ་7པའི་ལྟ་ཞིབ་ཚད་ལེན་དུས་ཚིགས་སུ་རེ་ཞུ་ད་ལྟ་ནས་ཡོངས་བསྒྲགས་ངང་བསྡུ་ལེན་བྱེད་རྒྱུ་ཡིན། རང་མོས་ལྟ་ཞིབ་ཚད་ལེན་རྣམ་གྲངས་ཀྱི་རེ་ཞུའི་ཐབས་ལམ་དེ་2024ལོའི་ཟླ་4ཚེས་6ཉིན་ནས་སྒོ་ཕྱེ་ཡོད། པེ་ཅིང་གི་དུས་ཚོད་2024ལོའི་ཟླ་5ཚེས་15ཉིན་གྱི་དུས་ཚོད་24ཐོག་རེ་ཞུ་དང་ལེན་བྱེད་མཚམས་འཇོག་རྒྱུ་ཡིན། དེའི་རིང་། གོ་ལ་ཧྲིལ་པོའི་ཚན་རིག་མཁས་པ་ཚང་མས་གཞུང་ཕྱོགས་དྲ་ཚིགས་ཀྱི་རེ་ཞུ་མ་ལག་བརྒྱུད་རེ་འདུན་ཞུས་ཆོག
   ཤེས་རྟོགས་བྱས་བར་གཞིགས་ན། 2020ལོའི་ཟླ་དང་པོར་FASTདངོས་སུ་སྒོ་འབྱེད་འཁོར་སྐྱོད་བྱས་ཚུན། ཚན་རིག་ལྟ་ཞིབ་ཚད་ལེན་དུས་ཚིགས་བཞི་པ་སྤྱིའི་ཆ་ནས་ལེགས་འགྲུབ་བྱུང་ཞིང་། ཁྱོན་བསྡོམས་རྒྱལ་ཁབ་15ནས་ཡོང་བའི་གནམ་རིག་མཁས་པའི་རང་མོས་ལྟ་ཞིབ་ཚད་ལེན་གྱི་རེ་ཞུ་འབྱོར་ཡོད།