འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་7ཉིན།

༄༅།།མཛའ་བརྩེ་དང་མཉམ་ལས་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་07ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་སུའུ་ཐན་གྱིས་ཧུའུ་པེ་སློབ་ཆེན་རྒྱུ་ཆ་ཚན་རིག་དང་ལས་གྲྭ་སློབ་གླིང་དུ་དྲན་རྟེན་པར་རྒྱག་བཞིན་པ།
འདི་ནི་སུའུ་ཐན་གྱིས་ཧུའུ་པེ་སློབ་ཆེན་རྒྱུ་ཆ་ཚན་རིག་དང་ལས་གྲྭ་སློབ་གླིང་དུ་དྲན་རྟེན་པར་རྒྱག་བཞིན་པ།
    ཀྲུང་གོའི་ཕྱོགས་བསྡུས་རྒྱལ་སྟོབས་དང་སློབ་གསོའི་ཡིད་དབང་འགུགས་ཤུགས་ཆེ་རུ་ཕྱིན་པ་དང་ཆབས་ཅིག ཕྱི་སྦྱོང་སློབ་མ་སྔར་བས་མང་བ་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་གི་ཡོད། ཀྲུང་གོར་སྡོད་རིང་ཁོང་ཚོས་སློབ་ཁང་གི་སློབ་གསོ་དང་ཡུལ་དངོས་ཀྱི་བཅར་འདྲིར་བརྟེན་ནས་ཀྲུང་གོའི་རྒྱལ་བབ་ཤེས་རྟོགས་ཐུབ་ཚད་ཟབ་ཏུ་བཏང་ཡོད། ཁོང་ཚོས་མི་ཆོས་རིག་གནས་སྤེལ་རེས་དང་། ཚན་ཞིབ་མཉམ་ལས། སྤྱི་ཚོགས་ཀྱི་ལག་ལེན་སོགས་ཀྱི་བྱེད་སྒོའི་ནང་ཧུར་ཐག་ཞུགས་ནས་རྒྱལ་ཁབ་ཁག་གི་དམངས་སེམས་གཅིག་མཐུན་ལ་སྐུལ་མ་གཏོང་བ་དང་རྒྱལ་ཁབ་དབར་གྱི་མཛའ་གྲོགས་དང་མཉམ་ལས་ཟབ་ཏུ་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད།
    འདི་ག་ཚགས་པར་གྱི་གསར་འགོད་པ། ཧྥན་ཧའོ་ཐེན།
    “ཕ་ཁི་སི་ཐན་གྱི་མི་དམངས་ལ་ཀྲུང་གོ་ངོ་སྤྲོད་སྔར་བས་ཡག་པོ་བྱས་ནས་དམངས་སེམས་དམ་དུ་སྦྲེལ་བར་སྐུལ་མ་གཏོང་གི་ཡིན”
    ཧུའུ་པེ་སློབ་ཆེན་རྒྱུ་ཆ་ཚན་རིག་དང་ལས་གྲྭ་སློབ་གླིང་གི་ཚོད་ལྟ་ཁང་དུ་ཞིབ་ཐོན་འཇལ་ཆས་མང་པོ་ཡོད་པ་དང་། ལོ་31ལ་སླེབས་པའི་རྒྱལ་ཁོངས་ཕ་ཁི་སི་ཐན་ནས་ཡིན་པའི་ཕྱི་སྦྱོང་སློབ་མ་སུའུ་ཐན་གྱིས་ཞིབ་འཇུག་ཚོགས་ཆུང་གི་དགེ་སློབ་ཚོ་དང་མཉམ་དུ་ཁོང་ཚོས་གསར་སྤེལ་བྱས་པའི་བྱེད་ནུས་མང་བའི་རླངས་འགྱུར་མ་ལག་སྤྱད་དེ་མཚོ་ཆུ་ཚྭ་མེད་ཅན་དུ་འགྱུར་བའི་ཚོད་ལྟ་བྱེད་བཞིན་ཡོད་པ་རེད།
    སུའུ་ཐན་ནི་ཕ་ཁི་སི་ཐན་ལྷོ་རྒྱུད་ཀྱི་གྲོང་ཁྱེར་ཁོ་ཐེ་ཨ་ཏུའུ་རུ་སྐྱེས་ཤིང་། ནང་མིའི་ཤུགས་རྐྱེན་འོག་ཁོང་ཆུང་དུས་ནས་ཀྲུང་གོར་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད། “ངའི་ཨ་ཕ་ཀྲུང་གོར་ཧ་ཅང་དགའ་པོ་ཡོད། རྟག་ཏུ་ཀྲུང་གོའི་སྐོར་གྱི་དཔེ་དེབ་ཀློག་པ་དང་ཀྲུང་གོ་བརྗོད་དོན་དུ་བྱེད་པའི་དངོས་མཚོན་པར་གཞིར་ལྟ་ཡི་ཡོད། ཨ་ཕས་རྟག་ཏུ་ང་ཚོར་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་ང་ཚོས་སློབ་སྦྱོང་བྱེད་པའི་མིག་དཔེ་ཞིག་རེད་ཅེས་ཤོད་ཀྱི་ཡོད” རབ་འབྱམས་སློབ་གནས་ཐོན་སྐབས་སྦྱངས་འབྲས་ཕུལ་དུ་བྱུང་བའི་སུའུ་ཐན་ལ་ཕྱི་རྒྱལ་གྱི་སློབ་གྲྭ་གྲགས་ཅན་མང་པོའི་སློབ་བསྡུའི་འདོད་མཐུན་འབྱོར་ནའང་། ཁོང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཀྲུང་གོའི་ཝུའུ་ཧན་གྱི་ཧུའུ་པེ་སློབ་ཆེན་བདམས་པ་རེད།
    “སློབ་དཔོན་ཝང་ཞན་པའོ་ཡི་མཛུབ་ཁྲིད་འོག་ངས་མགྱོགས་མྱུར་རང་ཉིད་ཀྱི་ཞིབ་འཇུག་ཁ་ཕྱོགས་གཏན་འཁེལ་བྱས་པ་མ་ཟད་ཞིབ་འཇུག་བྱ་གཞི་དེའི་ནང་ཞུགས་ཡོད། ང་ལ་ད་དུང་ཀྲུང་གོ་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་བྱ་དགའི་དངུལ་ཐོབ་པ་དང་སློབ་ཡོན་དང་ཉལ་ཁང་གི་རིན་པ་སོགས་ཀྱི་ཐད་ནས་ཀྱང་རོགས་སྐྱོར་ཐོབ་པས་འབྱུང་འགྱུར་གྱི་སེམས་ཁྲལ་མེད་པར་གྱུར་སོང”ཞེས་སུའུ་ཐན་གྱིས་བཤད།
    2022ལོའི་ཟླ་6པར། སུའུ་ཐན་བདེ་བླག་ངང་འབུམ་རམས་པའི་སློབ་གནས་ཐོན་པ་དང་འབྲེལ“ཕུལ་བྱུང་སློབ་ཐོན་སློབ་མར”བདམས་པ་དང་དེ་རྗེས་ཁོང་ཧྲེན་ཀྲེན་སློབ་ཆེན་དུ་མཆོག་རམས་པའི་ཞིབ་འཇུག་ལས་ལ་གཞོལ་བ་རེད།
    “ཕ་ཁི་སི་ཐན་དང་ཀྲུང་གོའི་དབར་རི་ཆུ་འབྲེལ་བ་དང་མི་ཆོས་རིག་གནས་གཅིག་མཐུན་ཡིན། ངས་རང་ཉིད་ཀྱི་འབད་བརྩོན་བརྒྱུད་ཕ་ཁི་སི་ཐན་གྱི་མི་དམངས་ལ་ཀྲུང་གོ་ངོ་སྤྲོད་ཡག་པོ་བྱས་ནས་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོའི་ཚན་རྩལ་དང་སློབ་གསོའི་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བརྗོད་པ་རེད།
    “རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་འབྱུང་འགྱུར་དང་ རེ་བ་ང་ཚོ་གཞོན་ནུའི་ཕྲག་ཐོག་ཏུ་ཡོད”
    འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་ཡུན་ཧོ།
   ཀོང་ཤིས་སློབ་ཆེན་དུ་རྒྱལ་ཁོངས་ཝེ་ཐེ་ནམ་ནས་ཡིན་པའི་ཕྱི་སྦྱོང་སློབ་མ་ལིའུ་ཧྲི་ཞོན་གྱིས་སློབ་ཚན་གྲོལ་མ་ཐག་མགྱོགས་མྱུར་དཔེ་མཛོད་ཁང་དུ་བསྐྱོད་ནས་སློབ་སྦྱོང་བྱེད་ཀྱི་ཡོད། ན་ནིང་ལིའུ་ཧྲི་ཞོན་གྱི་རྩོམ་ཡིག《ངའི་མི་ཚེའི་ཁྲོད་ཀྱི“རྒྱུད་གཅིག་ལམ་གཅིག”》ལ་2023ལོའི“དོམ་ཁྲའི་བུམ་པ”ཕྱི་རྒྱལ་གྱི་ཕྱི་སྦྱོང་སློབ་མ་ཀྲུང་གོའི་རྩོམ་བསྡུའི་འགྲན་བསྡུར་ཆེན་པོར་ཞུགས་པའི་བྱ་དགའ་ཨང་དང་པོ་ཐོབ་པ་རེད། རང་ཉིད་ལ་བྱ་དགའ་ཐོབ་པ་ཤེས་རྗེས་དགའ་ཚོར་ཆེན་པོ་སྐྱེས་པ་མ་ཟད། སློབ་དུས་འདིར་ཁོ་མོས་སློབ་སྦྱོང་དང་ལག་ལེན་གྱི་འཆར་གཞི་དེ་བས་ལེགས་པ་བཏིངས་ནས་རང་ཉིད་ཀྱི་ཕྱི་སྦྱོང་འཚོ་བ་དེ་བས་ཕུན་སུམ་ཚོགས་སུ་བཏང་བ་རེད།
    ལིའུ་ཧྲི་ཞོན་ཝེ་ཐེ་ནམ་གྱི་ཀོང་ཉིང་ཞིང་ཆེན་གྱི་ཐག་རིང་ལུང་ཁུག་ནས་ཡིན་པ་དང་། ས་གནས་དེའི་ཕྲུ་གུ་བུ་མོར་མཐོ་རིམ་སློབ་གསོ་མྱོང་བའི་གོ་སྐབས་མང་པོ་མེད། མཐོ་འབྲིང་དུས་སུ་ཁོ་མོར་མུ་མཐུད་སློབ་གྲྭར་འགྲོ་བའམ་ཡང་ན་ཐད་ཀར་ལས་ཀ་འཚོལ་བ་གང་བྱེད་དགོས་མིན་ཐད་དཀའ་ངལ་འཕྲད། སྐབས་དེ་དུས་ཁོ་མོས་དྲ་ཐོག་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྲོས་འགོའི་འབྲེལ་ཡོད་གསར་འགྱུར་མང་པོ་མཐོང་བའི་ནང་། སློབ་གསོའི་ཁྱབ་ཁོངས་ཀྱི་མཉམ་ལས་རྣམ་གྲངས་མང་པོ་ཡོད་པ་རེད། “ལོ་18ལ་སླེབས་སྐབས་མཐོ་འབྲིང་ཐོན་པ་དང་། ལོ་དེར་ངས་མི་ཚེའི་ཁྲོད་ཀྱི་གདམ་ག་གལ་ཆེ་ཤོས་དེ་བྱས་ནས་ཀྲུང་གོའི་སློབ་ཆེན་དུ་སློབ་སྦྱོང་བྱེད་པར་འགྲོ་རྒྱུའི་རེ་ཞུ་བྱས་པ་ཡིན”གྲ་སྒྲིག་ཧུར་ཐག་བྱས་མཐར་ཁོ་མོ་ཀོང་ཤིས་སློབ་ཆེན་དུ་རྒྱུགས་འཕྲོད།
    “ཀྲུང་གོ་ནི་ཁོང་ཡངས་ཀྱི་རྒྱལ་ཁབ་ཅིག་རེད”ཅེས་ལིའུ་ཧྲི་ཞོན་གྱིས་བཤད། ལོ་འདི་དག་རིང་། ཀོང་ཤིས་ཀྱིས་བཙུགས་པའི“ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཕྱི་སྦྱོང་སློབ་མའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ”ཞེས་པའི་རྣམ་གྲངས་ཀྱིས་ཝེ་ཐེ་ནམ་གྱི་སློབ་མ་མང་པོ་ཀོང་ཤིས་སུ་སློབ་སྦྱོང་བྱེད་པར་ཡོང་བའི་ཡིད་དབང་བཀུག་ཡོད། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་བསྡོམས་རྩིས་ལ་གཞིགས་ན། མིག་སྔར་ཀོང་ཤིས་ཀྱི་མཐོ་སློབ་ཏུ་སློབ་སྦྱོང་བྱེད་བཞིན་པའི་ཝེ་ཐེ་ནམ་གྱི་སློབ་མ་1700ལས་བརྒལ་བ་དང་ཁོང་ཚོས་གཙོ་བོ་རྩོམ་རིག་དང་། དཔལ་འབྱོར། དོ་དམ་སོགས་ཆེད་ལས་སྦྱོང་གི་ཡོད་པ་རེད།
    “ཕྱི་སྦྱོང་སློབ་མ་ཞིག་ཡིན་པའི་ངོས་ནས་ངས་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་ཤེས་བྱར་བརྟེན་ནས་རང་ཉིད་ཡར་རྒྱས་གཏོང་གི་ཡིན། སློབ་མཐར་ཕྱིན་རྗེས་རང་གི་རྒྱལ་ཁབ་ཏུ་ལོག་ནས་ཕ་ཡུལ་འཛུགས་སྐྲུན་བྱས་ཏེ་རང་ཉིད་དང་འདྲ་བའི་ཝེ་ཐེ་ནམ་གྱི་བུ་མོ་སྔར་བས་མང་བར་ཕུགས་བསམ་དོན་གཉེར་བྱེད་རོགས་བྱ་རྒྱུ་ཡིན། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་འབྱུང་འགྱུར་དང་རེ་བ་ང་ཚོ་གཞོན་ནུའི་ཕྲག་ཐོག་ཏུ་ཡོད”ཅེས་ལིའུ་ཧྲི་ཞོན་གྱིས་བཤད།
    “དར་གོས་ལམ་བུ་གསར་པའི་གཏམ་རྒྱུད་མཉམ་དུ་རྩོམ་གྱི་ཡིན”
    འདི་ག་ཚགས་པར་གྱི་གསར་འགོད་པ། ཆུས་ཕེ་ཡི།
   “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལས་བྱུང་བའི་གོ་སྐབས་བཟང་པོའི་ཁྲོད་རྒྱལ་ཁོངས་ཨུ་ཟ་བྷེ་ཁི་སི་ཐན་ནས་ཡིན་པའི་ཕྱི་སྦྱོང་སློབ་མ་ཨ་སེན་པེ་ཁེ(རྒྱ་ཡིག་གི་མིང་ལ་ལི་ཁྲེན་དབྱང་ཟེར)ཡིས་རང་ཉིད་ཀྱི་མེས་རྒྱལ་དང་ཀྲུང་གོ་དམ་པོར་སྦྲེལ་བར་འབད་འཐབ་བྱེད་བཞིན་ཡོད།
   2018ལོར་ལི་ཁྲེན་དབྱང་ཀྲུང་གོར་སློབ་གྲྭ་འགྲིམ་པར་ཡོང་ཞིང་། ཀྲུང་གོའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་ཀྱི་ཡིད་དབང་འཕྲོག་ཤུགས་ལས་ཁོང་གིས་ཧང་ཀྲོའུ་དགེ་འོས་སློབ་ཆེན་དུ་དྲ་ཐོག་ཚོང་དོན་གྱི་ཆེད་ལས་སློབ་སྦྱོང་བྱ་རྒྱུའི་གདམ་ག་བྱས།
   འདི་ལོའི་ལོ་འགོར། ལོ་གསར་གོང་གི་བྲིན་ཚོང་བྱེད་མང་བའི་དུས་འདས་རྗེས་མཉམ་ལས་པ་ཞིག་ཡིན་པའི་ངོས་ནས་ལི་ཁྲེན་དབྱང་གིས་ལས་གཏོད་ཀྱི་ཇུས་གཞི་འཁྱེར་ཏེ་ཨུ་ཟ་བྷེ་ཁི་སི་ཐན་གྱི་རྒྱལ་ས་ཐ་ཧྲི་ཀན་དུ་ལོག དེ་ནས་ཟླ་གཅིག་མ་ཟིན་ཙམ་གྱི་དུས་ཚོད་ནང་ལས་གཏོད་ཚོགས་པ་བཙུགས། ཡན་ལག་ཀུང་སིས་གཙོ་བོ་ལག་ཤེས་བཟོ་ལས་ཐོན་རྫས་གཉེར་སྐྱོང་བྱེད་པའི་ནང་རྫ་དཀར་དང་ཁྱད་ལྡན་གྱོན་གོས་སོགས་ཚུད་ཡོད་ཅིང་། དེ་དག་གཙོ་བོ་ཀྲུང་གོའི་ཁྲོམ་རར་འཚོང་གི་ཡོད། ལི་ཁྲེན་དབྱང་གིས་ཀྲུང་གོར་དྲ་ཐོག་དང་དྲ་ཕྱིའི་དངོས་གཞིའི་ཚོང་ཁང་སོགས་ཀྱི་བྲིན་ཚོང་ཐབས་ལམ་རྒྱ་སྐྱེད་གཏོང་འགན་འཁུར་གྱི་ཡོད་པས་རྒྱུན་དུ་ས་གནས་གཉིས་དབར་འགྲོ་འོང་བྱེད་དགོས་ཀྱི་ཡོད།
    ཡན་ལག་ཀུང་སི་དེའི་མིང་ལ“དར་གོས་ཚོང་ལམ་འཛམ་གླིང་དང་སྦྲེལ་མཐུད་བྱེད”ཅེས་ཟེར་གྱི་ཡོད། ལི་ཁྲེན་དབྱང་གིས་གསར་འགོད་པར་མིང་དེའི་ཡོང་ཁུངས་འགྲེལ་བཤད་བརྒྱབ་པ་སྟེ། “ངས་ཆུང་དུས་ནས་གནའ་བོའི་དར་གོས་ལམ་བུའི་གཏམ་རྒྱུད་གོ་མྱོང་ཡོད། ཀྲུང་གོར་སླེབས་རྗེས་ང་དང་འདྲ་བའི‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་རྒྱལ་ཁབ་ནས་ཡོང་བའི་གཞོན་ནུ་མང་པོ་ཡོད་པ་མཐོང་བྱུང་། སླད་ཕྱིན་ཚང་མས་འབད་བརྩོན་བྱས་ནས་དར་གོས་ལམ་བུ་གསར་པའི་གཏམ་རྒྱུད་མཉམ་དུ་རྩོམ་གྱི་ཡིན”ཞེས་བཤད།
    “ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་ཚོང་དོན་གྱི་འབྲེལ་བ་ཟབ་ཅིང་། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཁྲོམ་རར་ཀྲུང་གོའི་ཚོང་ཟོག་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཀྲུང་གོའི་འཛད་སྤྱོད་པས་ཀྱང་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཚོང་ཟོག་ལ་དགའ་པོ་ཡོད། རྒྱལ་སྒྲོལ་ཚོང་དོན་གྱི་ལས་གཉེར་བ་ཞིག་ཡིན་པའི་ངོས་ནས་ངས་ལས་རིགས་ཀྱི་མདུན་ལམ་ལ་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད”ཅེས་ལི་ཁྲེན་དབྱང་གིས་བཤད།
    ཀྲུང་གོར་ལོ་5ལྷག་ཙམ་བསྡད་པའི་དུས་ཚོད་ནང་ལི་ཁྲེན་དབྱང་ཀྲང་གོའི་གྲོང་ཁྱེར་བཅུ་གྲངས་སུ་འགྲོ་མྱོང་ཡོད་ཅིང་། ཧ་ལམ་གཟའ་འཁོར་ཚང་མར་གནམ་གྲུ་དང་མེ་འཁོར་སོགས་བསྡད་ནས་ལམ་དུ་ཆས་ཏེ་སློབ་མ་དང་། བརྙན་ལམ་གཙོ་གཉེར་བ། ལས་གཏོད་པ་བཅས་བྱེད་དགོས་ཀྱི་ཡོད། སྤྱི་ཚོགས་འབྲེལ་བའི་སྨན་སྦྱོར་ཐོག་མི་འགའ་ཞིག་གིས“ཨུ་ཟ་བྷེ་ཁི་སི་ཐན་གྱི་ཕོ་གཞོན་དེས་ལས་ཀ་ཧུར་པོ་དེ་འདྲ་བྱེད་དོན་གང་ཡིན་ནམ”ཞེས་འདྲི་གི་ཡོད། ལི་ཁྲེན་དབྱང་གིས“ཀྲུང་གོས་ང་ཚོར་རེ་བ་ཆེན་པོ་སྦྱིན་བྱུང”ཞེས་གད་མོ་དགོད་བཞིན་བཤད།
2023ལོའི་ཟླ་6ཚེས་3ཉིན། “ཀྲུང་གོའི་ལས་འཕྲོ”ཞེས་པའི་ཕྱི་སྦྱོང་སློབ་མའི་སྤྱི་ཚོགས་ལག་ལེན་བྱེད་སྒོ་ཀུའེ་ཀྲོའུ་རུ་སྤེལ་ཞིང་། འདི་ནི་ཕྱི་སྦྱོང་སློབ་མས་པ་ལིན་གཙང་པོའི་ཟམ་ཆེན་དུ་ལྟ་སྐོར་བྱེད་སྐབས་དྲན་རྟེན་པར་རྒྱག་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཐའོ་ལེང་གིས་པར་བླངས།
2023ལོའི་ཟླ་6ཚེས་3ཉིན། “ཀྲུང་གོའི་ལས་འཕྲོ”ཞེས་པའི་ཕྱི་སྦྱོང་སློབ་མའི་སྤྱི་ཚོགས་ལག་ལེན་བྱེད་སྒོ་ཀུའེ་ཀྲོའུ་རུ་སྤེལ་ཞིང་། འདི་ནི་ཕྱི་སྦྱོང་སློབ་མས་པ་ལིན་གཙང་པོའི་ཟམ་ཆེན་དུ་ལྟ་སྐོར་བྱེད་སྐབས་དྲན་རྟེན་པར་རྒྱག་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཐའོ་ལེང་གིས་པར་བླངས།
འདི་ནི་2024ལོའི་ཟླ་1ཚེས་5ཉིན་ལིའུ་ཧྲི་ཞོན་གྱིས་ཀོང་ཤིས་སློབ་ཆེན་དཔེ་མཛོད་ཁང་དུ་དཔེ་དེབ་ལྟ་བཞིན་པ། ཐན་སི་རན་གྱིས་པར་བླངས།
འདི་ནི་2024ལོའི་ཟླ་1ཚེས་5ཉིན་ལིའུ་ཧྲི་ཞོན་གྱིས་ཀོང་ཤིས་སློབ་ཆེན་དཔེ་མཛོད་ཁང་དུ་དཔེ་དེབ་ལྟ་བཞིན་པ། ཐན་སི་རན་གྱིས་པར་བླངས།
འདི་ནི་2024ལོའི་ཟླ་2ཚེས་13ཉིན་ཅང་ཤིས་ཧྥུའུ་ཀྲོའུ་གྲོང་ཁྱེར་ཝུན་ཁྲང་ལི་ཡི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་དུ་ནན་ཁྲང་སློབ་ཆེན་ནས་ཡིན་པའི་ཕྱི་སྦྱོང་སློབ་མ་མང་པོས་འབྲུག་རྩེད་ཉམས་ལེན་བྱེད་བཞིན་པ། ལི་ཅེ་ཡིས་པར་བླངས།
འདི་ནི་2024ལོའི་ཟླ་2ཚེས་13ཉིན་ཅང་ཤིས་ཧྥུའུ་ཀྲོའུ་གྲོང་ཁྱེར་ཝུན་ཁྲང་ལི་ཡི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་དུ་ནན་ཁྲང་སློབ་ཆེན་ནས་ཡིན་པའི་ཕྱི་སྦྱོང་སློབ་མ་མང་པོས་འབྲུག་རྩེད་ཉམས་ལེན་བྱེད་བཞིན་པ། ལི་ཅེ་ཡིས་པར་བླངས།
འདི་ནི་2023ལོའི་ཟླ་12ཚེས་15ཉིན་ས་མར་ཧན་ཀྲོའུ་དང་ཧང་ཀྲོའུ་ཡི་དཔལ་འབྱོར་ཚོང་དོན་གླེང་སྟེགས་ཐོག་ལི་ཁྲེན་དབྱང(གཡོན་གྱི་དང་པོ)གིས་ཚོགས་ཞུགས་སྐུ་མགྲོན་དང་སྤེལ་རེས་བྱེད་བཞིན་པ། བཅར་འདྲི་དང་ལེན་བྱེད་མཁན་གྱིས་པར་མཁོ་འདོན་བྱས།
འདི་ནི་2023ལོའི་ཟླ་12ཚེས་15ཉིན་ས་མར་ཧན་ཀྲོའུ་དང་ཧང་ཀྲོའུ་ཡི་དཔལ་འབྱོར་ཚོང་དོན་གླེང་སྟེགས་ཐོག་ལི་ཁྲེན་དབྱང(གཡོན་གྱི་དང་པོ)གིས་ཚོགས་ཞུགས་སྐུ་མགྲོན་དང་སྤེལ་རེས་བྱེད་བཞིན་པ། བཅར་འདྲི་དང་ལེན་བྱེད་མཁན་གྱིས་པར་མཁོ་འདོན་བྱས།
འདི་ནི་2023ལོའི་ཟླ11ཚེས24ཉིན་གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་དངོས་མང་སྟོན་ཚོགས་ཐོག་ཕྱི་རྒྱལ་གྱི་མགྲོན་པོས“དར་གོས་ལམ་བུའི་དྲ་ཐོག་ཚོང་དོན་ཉིན་མོའི”བྱེད་སྒོའི་དྲ་ཐོག་ཚོང་དོན་གྱི་ཐད་གཏོང་སྐོར་ཤེས་རྟོགས་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལིའུ་ལིང་དབྱི་ཡིས་པར་བླངས།
འདི་ནི་2023ལོའི་ཟླ11ཚེས24ཉིན་གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་དངོས་མང་སྟོན་ཚོགས་ཐོག་ཕྱི་རྒྱལ་གྱི་མགྲོན་པོས“དར་གོས་ལམ་བུའི་དྲ་ཐོག་ཚོང་དོན་ཉིན་མོའི”བྱེད་སྒོའི་དྲ་ཐོག་ཚོང་དོན་གྱི་ཐད་གཏོང་སྐོར་ཤེས་རྟོགས་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལིའུ་ལིང་དབྱི་ཡིས་པར་བླངས།