འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་3ཉིན།

༄༅།།བོད་ལྗོངས་ཀྱི་ལས་གནས་70ལ་སྔར་བཞིན་ལས་མི་མཁོ་དགོས་ཡོད་པ།  

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་03ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   བོད་རང་སྐྱོང་ལྗོངས་ཀྱིས་2024ལོའི་མཐོ་སློབ་སློབ་ཐོན་སློབ་མ་གཞུང་ལས་པར་བསྡུ་བའི་མིང་ཐོ་འགོད་ཚུལ་ཁྱབ་བསྒྲགས་བྱས། 
   རྒྱུགས་སྤྲོད་སློབ་མ་རྣམ་པ། 
   བོད་རང་སྐྱོང་ལྗོངས་ཀྱིས་2024ལོའི་མཐོ་སློབ་སློབ་ཐོན་སློབ་མ་གཞུང་ལས་པར་རྒྱུགས་སྤྲོད་བསྡུ་ལེན་བྱ་རྒྱུ་ནི་2024ལོའི་ཟླ་3ཚེས་31ཉིན་གྱི་ཆུ་ཚོད་09དང་སྐར་མ་30ཡི་ཐོག་མིང་ཐོ་འགོད་པ་དང་། ཟླ་4ཚེས་4ཉིན་གྱི་ཆུ་ཚོད་18དང་སྐར་མ་30ཡི་ཐོག་མིང་ཐོ་འགོད་མཚམས་འཇོག་རྒྱུའི་བརྡ་ཁྱབ་བཏང་བ་རེད། ཞིབ་བཤེར་གཏན་འབེབས་བྱས་མེད་པའི་རྒྱུགས་སྤྲོད་སློབ་མས་དུས་ཚོད་དམ་འཛིན་བྱས་ནས་ལས་གནས་གཞན་དག་ལ་ཐོ་འགོད་ཡོད་པ་ཞུ། མིང་ཐོ་འགོད་པའི་དྲ་ཚུགས་ནི་ http://zp.cpta.com.cnཡིན། ད་ལྟ་ཟླ་4ཚེས་2ཉིན་གྱི་ཆུ་ཚོད་09:30བར་ལས་གནས་ཁག་ཏུ་མིང་ཐོ་བཀོད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ། 
   ཤ་ཚའི་དྲན་སྐུལ། རྒྱུགས་སྤྲོད་སློབ་མ་ཚོས་དུས་ཚོད་དམ་འཛིན་བྱས་ནས་ཐོ་རུ་བཀོད་དེ་“ཐོ་འགོད་ངོས་འཛིན་”སྔ་ཙམ་ཐུབ་པར་བྱེད་པ་དང་འབྲེལ་མིང་ཐོ་བཀོད་མ་ལག་གི་ཞིབ་བཤེར་གནས་ཚུལ་ལ་དུས་ཐོག་ཏུ་དོ་སྣང་བྱེད་རོགས། མིང་ཐོ་འགོད་མཚམས་བཞག་རྗེས་“ཐོ་འགོད་ངོས་འཛིན་”མ་ཐུབ་པའི་དབང་གིས་ཐོ་འགོད་མ་ཐུབ་པའམ་ཡང་ན་ཞིབ་བཤེར་ངོས་འཛིན་མ་ཐུབ་པའི་མཇུག་འབྲས་ཚང་མ་རྒྱུགས་སྤྲོད་སློབ་མ་རང་ཉིད་ཀྱིས་འཁུར་དགོས། 
ཡིག་རྒྱུགས་ཐོ་འགོད་ཀྱི་ལག་རྩལ་ཞབས་ཞུའི་ཁ་པར་ཨང་གྲངས། 0891-6328229,6507727