འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་3ཉིན།

༄༅།།ཐད་འཕུར་གནམ་གྲུ་ཞིག་ཨའར་པེ་སི་རི་ཁུལ་དུལྷུངས་ནས་མི་3རྐྱེན་ལམ་དུ་ཤོར་བ་དང་
མི་3ལ་རྨས་ཕོག་ཡོད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་03ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   སུའེ་ཙེར་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་2ཉིན། ཐད་འཕུར་གནམ་གྲུ་ཞིག་སུའེ་ཙེར་གྱི་ཝ་ལའེ་མངའ་སྡེའི་ཨའར་པེ་སི་རི་ཁུལ་དུ་ལྷུངས་ནས་མི་3རྐྱེན་ལམ་དུ་ཤོར་བ་དང་མི་3ལ་རྨས་སྐྱོན་ཕོག་ནས། མིག་སྔར་རྨས་མ་སྨན་ཁང་དུ་བསྐྱལ་ཡོད། 
   གནས་འཕྲིན་སྤེལ་བར་གཞིགས་ན། གནམ་གྲུའི་ནང་འཕུར་སྐྱོད་པ་1དང་། སྣེ་ཤན་པ་1འགྲུལ་པ་4བཅས་ཡོད། མིག་སྔར། ཐད་འཕུར་གནམ་གྲུ་མང་པོ་ཡུལ་དངོས་སུ་རོགས་སྐྱོབ་བྱེད་པར་ཕྱིན་ཡོད།