འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་3ཉིན།

༄༅།།རླངས་འཁོར་ཁེ་ལས་མང་པོས་རླངས་འཁོར་གྱི་རིན་གོང་བཅག་རྒྱུའི་ཁྱབ་བསྒྲགས་བྱས་པ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་03ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཟླ་4ཚེས་1ཉིན། རླངས་འཁོར་ཁེ་ལས་མང་པོས་རིན་གོང་གཅོག་པ་དང་ཁ་གསབ་སྤྲོད་པའི་ཚད་གཞི་སྒོར་5000ནས་སྒོར་ཁྲི་2བར་ཟིན་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། 
ཝུའེ་ལའེ་ཀུང་སིས་སྣུམ་སྒུལ་རླངས་འཁོར་བརྗེ་བའི་གསབ་དངུལ་སྒོར་དུང་ཕྱུར་10བཏོན་པ་རེད། 
   ཟླ་4ཚེས་1ཉིན། ཝུའེ་ལའེ་གཞུང་ཕྱོགས་ཀྱིས་དྲ་ཐོག་ཏུ“འཛད་རྫས་རྙིང་ཚབ་གསར་བརྗེའི་བྱ་སྤྱོད”དང་ལེན་བྱ་ཆེད། ཝུའེ་ལའེ་ཡིས་སྣུམ་སྒུལ་རླངས་འཁོར་བརྗེ་བའི་གསབ་དངུལ་སྒོར་དུང་ཕྱུར་10འདོན་རྒྱུ་བསྒྲགས་པ་དང་། དེ་ནི་ཝུའེ་ལའེ་ཡི་2024ལོའི་གློག་འཁོར་ཐད་སྤྱོད་རྒྱུ་སྟེ། ཟླ་4ཚེས་1ཉིན་ནས་བཟུང་། སྣུམ་སྒུལ་རླངས་འཁོར་སྤྱོད་མཁན་གྱིས་ཝུའེ་ལའེ་གློག་འཁོར་གསར་པ་བརྗེས་ན། སྒོར་ཁྲི་1གི་འདེམས་འཇུག་ཐེབས་རྩའི་གསབ་དངུལ་སྤྲོད་རྒྱུ་སྟེ། བསྡོམས་པས་སྒོར་ཁྲི་1.5ཡི་འདེམས་འཇུག་ཐེབས་རྩ་དང་། སྒོར་6498ཅན་གྱི་NIO Phoneཉོ་བྱེད་འཛིན་ཤོག་གཅིག་དང་། སྒོར་3600ཡི་གློག་བརྗེ་འཛིན་ཤོག་(36)དང་སྒོར་4560ཡི་ཁོངས་ཡོངས་ཕྱོགས་སྟོན་རོགས་འདེགས(NOP+)ཀྱི་ལོ་གཅིག་གི་བེད་སྤྱོད་བྱེད་དབང་སོགས་ཐོབ་ཀྱི་ཡོད། 
ཧུང་མོང་ཀྲི་ཤིང་Appལས་མངོན་པར་གཞིགས་ན། ཝུན་ཅེ་M7གསར་པའི་འཇུག་སྒོའི་པར་གཞི་——M7 Plusཆེ་བ་སྡོད་ས་ལྔ་ཡོད་པའི་གློག་འཁོར་གྱི་རིན་གོང་སྒོར་ཁྲི་22.98བར་ལེགས་སྒྲིག་བྱས་པ་དང་སྒོར་ཁྲི་2བཅག་ཡོད། 
   ཞའོ་ཕུང་རླངས་འཁོར་གྱིས་2024ལོའི་ཞའོ་ཕུང་G9རྟགས་ཅན་གྱི་གློག་འཁོར་ཉོས་ན། གསབ་དངུལ་སྤྲོད་རྒྱུ་དང་། དུས་བཀག་ནང་ད་ལྟ་ཐོན་ཟིན་པའི་གློག་འཁོར་སྒོར་ཁྲི་2བཅག་ནས་སྒོར་ཁྲི་24.39བར་ཕབ་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
   རླངས་འཁོར་བཟོ་གྲྭ་དང་པོ-ཏཱ་ཀྲོང་གིས་དུས་བཀག་ནང་དངུལ་སྨར་ཁ་གསབ་སྒོར་5000བར་མང་དུ་བཏང་། 
   རླངས་འཁོར་བཟོ་གྲྭ་དང་པོ-ཏཱ་ཀྲོང་གི་གཞུང་ཕྱོགས་སྐད་འཕྲིན་སྤྱི་སྟེགས་ཀྱིས་ཟླ་4ཚེས་1ཉིན་ནས་ཟླ་4ཚེས་23ཉིན་བར། དུས་བཀག་ནང་གསབ་དངུལ་གསབ་སྣོན་སྲིད་ཇུས་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། དེའི་ནང་དངུལ་སྨར་ཁ་གསབ་སྒོར་5000བར་མང་དུ་བཏང་བ་དང་རླངས་འཁོར་བརྗེ་བའི་གསབ་དངུལ་སྒོར་4000བར་མང་དུ་བཏང་བ་དང་། ཐན་གཡོད་དང་། ཐན་གཡོད་X ཐན་གཡོད་GTE མའེ་ཐེང་བཅས་ལ་དུས་བཀག་ནང་ཚོང་ལས་ཉེན་འགོག་འགན་བཅོལ་བྱེད་གླ་མེད་པར་བཟོས་ཡོད།