འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་3ཉིན།

༄༅།།དྲག་ཆར་འབབ་པའི་ཉེན་བརྡ་བཏང་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་03ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཟླ་4ཚེས་3ཉིན་གྱི་ཆུ་ཚོད་06པའི་ཐོག་དྲག་ཆར་འབབ་པའི་ཉེན་བརྡ་སྔོན་པོ་མུ་མཐུད་བཏང་སྟེ།
     སྔོན་དཔག་བྱས་ན། ཟླ་4ཚེས་3ཉིན་གྱི་ཆུ་ཚོད་08ནས་ཚེས་4ཉིན་གྱི་ཆུ་ཚོད་08པའི་བར། ཀུའེ་ཀྲོའུ་ཡི་ཤར་ལྷོ་རྒྱུད་དང་། ཀོང་ཞིའི་བྱང་རྒྱུད། ཀོང་ཏུང་གི་བྱང་ཤར་རྒྱུད། ཧུའུ་ནན་གྱི་ལྷོ་རྒྱུད། ཅང་ཞིའི་དབུས་ལྷོ་རྒྱུད། ཧྥུ་ཅན་གྱི་ནུབ་བྱང་རྒྱུད། ཀྲེ་ཅང་གི་ལྷོ་རྒྱུད། ཁྲུང་ཆིང་གི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཅང་ཞིའི་ཤར་ལྷོ་རྒྱུད་དང་ཧྥུ་ཅན་གྱི་ནུབ་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་འབབ་རྒྱུ་རེད།(ཧའོ་སྨི་100~120)གོང་གི་ས་ཁུལ་ཁ་ཤས་སུ་དུས་ཐུང་ནང་དྲག་ཆར་འབབ་རྒྱུ་དང་། (དུས་ཚོད་རེར་ཆར་ཆུ་འབབ་ཚད་ཆེ་ཤོས་ཧའོ་སྨི་30ནས་50ཡོད་པ་དང་། ས་ཁུལ་ཁག་ཅིག་ཏུ་ཧའོ་སྨི་70ལས་བརྒལ་སྲིད།) གློག་འཁྱུག་འབྲུག་གྲགས་དང་ལྷགས་པ་ཆེན་པོ་རྒྱག་པའམ་ཡང་ན་སེར་བ་སོགས་གཏད་རྒྱུག་གནམ་གཤིས་དྲག་པོ་ཡོད།   
     འགོག་སྲུང་ཕྱོགས་སྟོན། 
     1.སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་གཞིར་བཟུང་། དྲག་ཆར་འགོག་པའི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས།    
     2.སློབ་གྲྭ་དང་བུ་བཅོལ་ཁང་གིས་བྱེད་ཐབས་འོས་འཚམ་སྤྱད་དེ་སློབ་མ་དང་བྱིས་པའི་བདེ་འཇགས་འགན་ལེན་བྱེད་དགོས།  
     3.ཁ་ལོ་བས་གཞུང་ལམ་དུ་ཆུ་འཁྱིལ་བ་དང་འགྲིམ་འགྲུལ་འགག་པ་ལ་དོ་སྣང་བྱས་ཏེ་བདེ་འཇགས་ལ་ཁག་ཐེག་བྱེད་དགོས།   
     4.གྲོང་ཁྱེར་དང་། ཞིང་ཁ། ཉ་རྫིང་བཅས་ཀྱི་ཆུ་འབུད་མ་ལག་ལ་ཞིབ་བཤེར་བྱས་ནས་འཁྱིལ་ཆུ་ཕྱིར་འབུད་ཀྱི་གྲ་སྒྲིག་ཡག་པོ་བྱེད་དགོས།