འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་3ཉིན།

༄༅།།“2024ལོའི་ཧྥུའུ་ཧྲན་ཧྲང་ཧའེ་གློག་བརྙན་འགྲེམས་སྟོན”ཧན་གོར་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་03ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ཧན་གོའི་གྲོང་ཁྱེར་ཧྥུའུ་ཧྲན་ནས་གློག་འཕྲིན་འབྱོར་གསལ། ཧྲང་ཧའེ་དང་ཧྥུའུ་ཧྲན་དབར་མཛའ་གྲོགས་གྲོང་ཁྱེར་གྱི་འབྲེལ་བ་བཙུགས་ནས་ལོ་31འཁོར་བར་རྟེན་འབྲེལ་ཞུ་བ་དང་ས་གནས་གཉིས་པོའི་རིག་གནས་སྤེལ་རེས་དང་ཕན་ཚུན་ཡིད་ཆེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད། ཧྲང་ཧའེ་གྲོང་ཁྱེར་གློག་བརྙན་ཅུས་དང་ཧྥུའུ་ཧྲན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་མཛུབ་ཁྲིད་འོག ཧྲང་ཧའེ་གྲོང་ཁྱེར་གློག་བརྙན་འགྲེམས་སྤེལ་ལས་རིགས་མཐུན་ཚོགས་དང་ཧན་གོའི་ཤིས་ཅེ་ཚོགས་པའི་ཤིས་ཅེ་ཝེ་གློག་བརྙན་གྲོང་གིས་མཉམ་དུ་གཙོ་གཉེར་བྱས་པའི“2024ལོའི་ཧྥུའུ་ཧྲན་ཧྲང་ཧའེ་གློག་བརྙན་འགྲེམས་སྟོན”དེ་ཉེ་ཆར་ཧྥུའུ་ཧྲན་དུ་འགོ་ཚུགས་པ་རེད། ཧྲང་ཧའེ་གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཀྲའོ་ཅ་མིང་དང་། ཧྥུའུ་ཧྲན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཁྲེན་རི་པེའོ། ཧྥུའུ་ཧྲན་གྲོང་ཁྱེར་ཡུལ་སྐོར་འགྲེམས་ཚོགས་ཅུས་ཀྱི་ཅུས་ཀྲང་ཕེའོ་ཀེན་ལུའེ། ཤིས་ཅེ་ཚོགས་པའི་གོ་ལ་ཧྲིལ་པོའི་ཙུང་ཚའེ་གཞོན་པ་ཀྲུང་གོའི་ཁུལ་གྱི་ཙུང་ཚའེ་དབྱི་ཏའོ་ཞོན་སོགས་ཀྲུང་ཧན་རྒྱལ་ཁབ་གཉིས་ཀྱི་ལས་རིགས་ཁག་གི་མི་སྣ་200ཙམ་གྱིས་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།