འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་3ཉིན།

༄༅།།རྨ་ཆུ་རྒྱུག་ཁུལ་གྱི་གློག་གཏོང་ཚད་མང་ཤོས་ཀྱི་ཆུ་ཤུགས་གློག་ཁང་གི་འཕྲུལ་ཚན་ཐོག་མ་གློག་དྲ་སྦྲེལ་ནས་གློག་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་03ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་མར་ཐང་ཆུ་ཤུགས་གློག་ཁང་ཡིན་པ།
འདི་ནི་མར་ཐང་ཆུ་ཤུགས་གློག་ཁང་ཡིན་པ། 
     ཉེ་དུས། མར་ཐང་ཆུ་ཤུགས་གློག་ཁང་གི་འཕྲུལ་ཚན་ཨང་5པ་ནས་དངོས་སུ་གློག་དྲ་སྦྲེལ་ནས་གློག་གཏོང་འགོ་ཚུགས་པ་རེད། ཆུ་ཤུགས་གློག་ཁང་དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབའ་རྫོང་དང་མགོ་ལོག་ཀྲོའུ་རྨ་ཆེན་རྫོང་གི་འབྲེལ་མཚམས་ཀྱི་རྨ་ཆུའི་ཆུ་གཞུང་དུ་གནས་ཤིང་། རྣམ་གྲངས་གནས་ཡུལ་ལ་ཆ་སྙོམས་ས་བབ་སྨི་3300ཟིན་པ་དང་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་232ཟིན་གྱི་ཡོད། དེ་ནི་རྨ་ཆུ་རྒྱུག་ཁུལ་དུ་སྐྲུན་བཞིན་པའི་ས་བབ་མཐོ་ཤོས་དང་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་མང་ཤོས་ཀྱི་ཆུ་གློག་ལས་གྲྭ་ཞིག་ཡིན་པ་དང་། རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་ནུས་རྒྱུའི་རྣམ་གྲངས་ཁོངས་སུ་གཏོགས་པ་མ་ཟད། རྒྱལ་ཁབ་ཀྱིས“ནུབ་གློག་ཤར་སྐྱེལ”དང“མཚོ་སྔོན་གྱི་གློག་ཧོ་ནན་དུ་གཏོང་བའི”གློག་ཁུངས་ས་ཚིགས་གལ་ཆེན་ཞིག་ཀྱང་ཡིན་ཞིང་། སྔོན་དཔག་བྱས་ན་གློག་ཁང་དེས་2024ལོའི་ཟླ་12པར་འཕྲུལ་ཚན་ཡོངས་ནས་གློག་གཏོང་ཐུབ་རྒྱུ་ཡིན་པ་རེད།