འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་3ཉིན།

༄༅།།“གྲགས་ཅན་བརྩམས་ཆོས་བསྐྱར་དུ་ལྟ་ཉན་བྱེད་པའི”བྱེད་སྒོ་ཐོག་མར་སློབ་གྲྭར་སྤེལ་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་03ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་31ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་མཛུབ་ཁྲིད་བྱས་ནས་གཉེར་བའི“གྲགས་ཅན་བརྩམས་ཆོས་བསྐྱར་དུ་ལྟ་ཉན་བྱེད་པའི”སྤྱི་ཕན་འཕྲིན་ལམ་བསྟན་འགོ་ཚུགས་ནས“གྲགས་ཅན་བརྩམས་ཆོས་སློབ་གྲྭར་ཁྱབ་གདལ་གཏོང·རིག་གནས་མཉམ་དུ་རྒྱུད་སྤེལ་བྱེད་པའི”བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། ཟླ་3ཚེས་31ཉིན་གྱི་ཕྱི་དྲོར། འཕྲིན་ལམ་གཙོ་གཉེར་བྱེད་མཁན་ཀྲུང་གོ་རླུང་འཕྲིན་བརྙན་འཕྲིན་དྲ་རྒྱ་ཚོགས་པ་ཚད་ཡོད་ཀུང་སི་དང་སྒྲུབ་འགན་འཁུར་མཁན་པེ་ཅིང་ཀོ་ཧྭ་སྐུད་ཡོད་བརྙན་འཕྲིན་དྲ་རྒྱ་མ་རྐང་ཚད་ཡོད་ཀུང་སིས་ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་དང་མཉམ་དུ་བྱེད་སྒོ་ཐོག་མ་དེ་སྤེལ་བ་རེད། ཞིང་ཆེན་10ཡི་མཐོ་སློབ་17ནས་ཡོང་བའི་དགེ་སློབ་ཀྱི་འཐུས་མི་500ཙམ་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱ་ཐབས་ཐོག་ནས་འབྲེལ་ཡོད་ཀྱི་སྤེལ་རེས་བྱེད་སྒོར་ཞུགས་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོ་ནས་བཟུང་རྒྱལ་ཡོངས་ཀྱི་སྐུད་ཡོད་བརྙན་འཕྲིན་དྲ་རྒྱས“གྲགས་ཅན་བརྩམས་ཆོས་བསྐྱར་དུ་ལྟ་ཉན་བྱེད་པའི”རིན་མེད་ལེ་ཚན་བཀོད་སྒྲིག་བྱས་ནས་རྒྱ་ཆེའི་མང་ཚོགས་ལ་གློག་བརྙན་དང་བརྙན་འཕྲིན་གྱི་བརྩམས་ཆོས་རྩེ་གྲ་མཁོ་འདོན་བྱས་ཡོད། འདི་ལོའི་ཟླ་2ཚེས་1ཉིན“གྲགས་ཅན་བརྩམས་ཆོས་བསྐྱར་དུ་ལྟ་ཉན་བྱེད་པའི”འཕྲིན་ལམ་དེ་རྒྱལ་ཡོངས་ཀྱི་སྐུད་ཡོད་བརྙན་འཕྲིན་དང་ཐད་གཏོང་སྲུང་སྐར་བརྙན་འཕྲིན་སྤྱོད་མཁན་ལ་དངོས་སུ་བསྟན་འགོ་ཚུགས་པས་གྲགས་ཅན་བརྩམས་ཆོས་ལྟ་ཉན་དེ་མང་ཚོགས་ཀྱི་འཚོ་བའི་ནང་དེ་བས་ལེགས་པའི་སྒོ་ནས་མཉམ་འདྲེས་ཐུབ་པར་བྱུང་ཡོད།
     “གྲགས་ཅན་བརྩམས་ཆོས་བསྐྱར་དུ་ལྟ་ཉན་བྱེད་པའི”འཕྲིན་ལམ་བསྟན་འགོ་ཚུགས་རྗེས་ས་གནས་ཁག་གི་ལྟད་མོ་བའི་དགའ་བསུ་ཐོབ་ནས་བརྒྱུད་སྤེལ་གྱི་ཕན་འབྲས་བཟང་པོ་ཐོན་ཡོད། གཞོན་ནུ་ལོ་ཆུང་ལ་གྲགས་ཅན་བརྩམས་ཆོས་བརྒྱུད་བསྒྲགས་དང་ཁྱབ་གདལ་གཏོང་བར་སྔར་བས་སྐུལ་འདེད་གཏོང་ཆེད། “གྲགས་ཅན་བརྩམས་ཆོས་བསྐྱར་དུ་ལྟ་ཉན་བྱེད་པའི”འཕྲིན་ལམ་གཙོ་གཉེར་མཁན་དང་འབྲེལ་ཡོད་ཚན་པས་མཉམ་དུ“གྲགས་ཅན་བརྩམས་ཆོས་སློབ་གྲྭར་ཁྱབ་གདལ་གཏོང·རིག་གནས་མཉམ་དུ་རྒྱུད་སྤེལ་བྱེད་པའི”བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་གཞོན་ནུ་སློབ་མས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་སྔར་བས་སྐུལ་འདེད་བཏང་ཡོད།
     (བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)