འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་3ཉིན།

༄༅།།རིག་གནས་དང་ཡུལ་སྐོར་པུས་ཐབས་མང་མཉམ་སྤྱོད་ཀྱིས་རྒྱལ་ཁོངས་སུ་འཛུལ་བའི་ཡུལ་སྐོར་ལ་སྟབས་བདེ་བསྐྲུན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་03ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་31ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རིག་གནས་དང་ཡུལ་སྐོར་པུའུ་ནས་ཤེས་རྟོགས་བྱས་པར། རིག་གནས་དང་ཡུལ་སྐོར་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ལེགས་སྒྲིག་བྱས་ཏེ་སྐུལ་གཏོང་སྲིད་ཇུས་བཏོན་ནས་འགག་ས་དང་དཀའ་གནད་སེལ་གང་ཐུབ་བྱས་ཏེ་རྒྱལ་ཁོངས་སུ་འཛུལ་བའི་ཡུལ་སྐོར་ལ་སྟབས་བདེ་བསྐྲུན་རྒྱུ་རེད།
     མཛེས་ལྗོངས་ཁུལ་ནང་འཛུལ་བར་སྟབས་བདེ་སྐྲུན་པའི་ཐད། རིག་གནས་དང་ཡུལ་སྐོར་སྡེ་ཚན་གྱིས་དྲ་ཐོག་དང་དྲ་ཕྱི་ཐབས་ལམ་གཉིས་ནས་ཡུལ་སྐོར་བར་སྤ་སེ་བཙོངས་ཏེ་ཡུལ་སྐོར་བར་སྟབས་བདེ་བསྐྲུན་རྒྱུ་རེད། དྲ་ཕྱིར་ཡུལ་སྐོར་མཛེས་ལྗོངས་ཁུལ་ཚང་མར་མི་ཐབས་ཀྱི་སྐར་ཁུང་སོར་འཇོག་བྱས་ནས་སྤ་སེ་འཚོང་བ་དང་། དྲ་ཐོག་ཏུ་གཙོ་གནད་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་དྲ་ཐོག་སྔོན་མངགས་བྱ་རིམ་ནས་དབྱིན་ཡིག་གི་མཐུད་ཁ་མཁོ་འདོན་བྱ་རྒྱུ་དང་། མི་ངོ་མའི་ཐོག་ནས་སྔོན་མངགས་བྱེད་དགོས་པའི་རིགས་ལ་ཐོབ་ཐང་ལག་ཁྱེར་གྱི་ཁས་ལེན་བེད་སྤྱོད་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུ་རེད།
     རྒྱལ་མཚམས་འཛུལ་བའི་གཏོང་སྤྲོད་ཁོར་ཡུག་ལེགས་སུ་གཏོང་བའི་ཐད། རིག་གནས་དང་ཡུལ་སྐོར་པུས་ཀྲུང་གོ་མི་དམངས་དངུལ་ཁང་གི་རྒྱབ་སྐྱོར་འོག རྒྱལ་ཁབ་ཀྱི་A4རིམ་པ་ཡན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ། རྒྱལ་ཁབ་རིམ་པའི་མཚན་མོའི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་གཅིག་སྡུད་ཁུལ། རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁྲོམ་གཞུང་སོགས་སུ་སྒུལ་བདེའི་གཏོང་སྤྲོད་དང་། དངུལ་ཁང་གཱ དངུལ་སྨར་སོགས་ཀྱི་ལས་སྒོར་མཁོ་བའི་མཉེན་ཆས་དང་མཁྲེགས་ཆས་སྒྲིག་སྦྱོར་བྱས་ནས། ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། སྤྲོ་གསེང་ཁུལ། རིག་གནས་ཐོན་རྫས་འགྲེམས་ཁང་། རིག་གནས་རོལ་རྩེད་ཁང་། སྐར་མ་རིམ་པའི་གསོལ་མགྲོན་ཁང་། རིག་གནས་དང་། ཚོང་ལས། ཡུལ་སྐོར་ཕྱོགས་བསྡུས་ཅན་སོགས་གཙོ་གནད་རིག་གནས་དང་ཡུལ་སྐོར་གྱི་འདུ་གནས་གལ་ཆེན་གྱི་གཏོང་སྤྲོད་སྟབས་བདེ་ཅན་གྱི་རིམ་པ་མཐོ་རུ་གཏོང་རྒྱུ་རེད།
     (པ་ཕན་གྱིས་བསྒྱུར། ལྷག་ཚེས་ཞུས)